82973

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ཆུ་བྱི་ཕྱི་ལོ་ ༡༩༡༩ ལོར་དྭགས་པོ་རྒྱ་ཚ་རྫོང་དུ་་ཕུན་ཚོགས་དབང་འདུས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་སྐུ་གོང་མའི་སྤྲུལ་སྐུར་ངོས་འཛིན་གྱིས་ཁྲིར་བཀོད། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་མཁས་པར་སྦྱངས། ལྷ་རམས་པའི་མཚན་བཏགས་བཞེས། ཉེར་གསུམ་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ཕྱི་ལོ་ ༡༩༣༤ ལོར་བོད་གཞུང་གི་སྲིད་སྐྱོང་རྒྱལ་ཚབ་ཏུ་བཞུགས། ཆབ་སྲིད་ལོ་ངོ་བདུན་རིང་བསྐྱངས། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་གསེར་སྡོང་དགེ་ལེགས་འདོད་འཇོ་རྟེན་དང་བརྟེན་པ་གསར་བསྐྲུན་དང་། རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་གསེར་ཁྲིར་མངའ་གསོལ། རབ་བྱུང་གི་སྡོམ་པ་ཕུལ་ཏེ། ཞབས་བརྟན་གསོལ་འདེབས་ཡིད་བཞིན་དབང་གི་རྒྱལ་པོ་མཛད། ཡོངས་འཛིན་གྱི་ཐུགས་འགན་བཞེས། སུམ་ཅུ་པ་རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༩༤༡ ལོར་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་སྲིད་སྐྱོང་རྒྱལ་ཚབ་ལས་དགོངས་ཞུ་མཛད། རྭ་སྒྲེང་དགོན་དུ་སྐུ་མཚམས་བཞུགས། སོ་དྲུག་པ་རབ་བྱུང་བཅུ་དྲུག་པའི་མེ་ཕག་ཕྱི་ལོ་ ༡༩༤༧ ལོར་སྐུ་གཤེགས། རྭ་སྒྲེང་སྐུ་ཕྲེང་ལྔ་པ་ཡིན།