83346
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྫོགས་ཆེན། རྙིང་མ། ལ་ཟླ་བ་རྒྱལ་པོའི་སྐོར་ནི་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་མཚོན་བྱེད་རྒྱུད་དྲུག་གི་ཡ་གྱལ་ཏེ། ཐེག་དགུ་སྤྱི་ཆིངས་ཀྱི་འགྲེལ་བཤད་ཉི་མའི་འོད་ཟེར་ལས། ལ་བཟླ་བ་རྒྱལ་པོའི་སྐོར་ནི། བཀྲ་ཤིས་དུས་ཚོད་འཛིན་པ་ཁུ་བྱུག་རོལ་པའི་རྒྱུད་དང་། ཡོན་ཏན་རྩལ་ཆེན་རྫོགས་པའི་རྒྱུད་དང་། ཐིག་ལེ་སྒྲོན་མ་གསང་བ་བཀོད་པའི་རྒྱུད་དང་། ཀུན་བྱེད་རྒྱལ་པོ་དང་། རིག་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པ་རྩ་བའི་རྒྱུད་ལྔ་དང་། ཡན་ལག་གི་རྒྱུད་སྡེ་བརྒྱ་ཐམ་པ་མན་ངག་དང་བཅས་པ་ཡོད་པར་གསུངས་སོ། །ཞེས་སོ། ། |
Domain | ཆོས་ལུགས། |
{{#arraymap:ལ་ཟླ་བ་རྒྱལ་པོའི་སྐོར་
|; |@@@ | | }}