83751

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལབ་སྟོན་ནམ་མཁའ་རིན་ཆེན་ (1)
Part of speech མིང་ཚིག
Definition ཀཿ་ཐོག་བླ་རབས་སྐབས་ཀྱི་འཆད་ཉན་མཁན་རབས་བཅུ་པ་སྟེ། ཁོང་ནི་ཡུལ་ས་ངན་དུ་འཁྲུངས། མཁས་གྲུབ་ཆེན་པོ་ཡེ་ཤེས་རྒྱལ་མཚན་ཞབས་ལ་གཏུག ཆུང་ནས་དམ་པའི་རིགས་སད་པས་སྒྲུབ་པ་གཙོ་བོ་ཉམས་ལེན་མཛད། ཀཿཐོག་སྔ་རབས་པའི་འཆད་ཉན་གྱི་རྒྱུན་བསྐྱངས་ནས་སློབ་མའང་མང་དུ་འདུས། བཀའ་གཏེར་ཟུང་འཇུག་གི་མགོན་པོའི་སྒྲུབ་པ་མན་མང་དུ་འདུས། བཀའ་གཏེར་ཟུང་འཇུག་གི་མགོན་པོའི་སྒྲུབ་པ་མན་ངག་དང་བཅས་པའི་བཀའ་བབས། ཁམས་མགོན་ཚོགས་བདག་དངོས་གྲུབ་འབྱུང་གཏེར་སོགས་ཡིག་ཆ་མང་པོ་གསར་དུ་མཛད། མགོན་པོ་བྲན་བཞིན་འཁོར་བས་ཅི་བཅོལ་ལས་རྣམས་ཐོགས་མེད་དུ་བསྒྲུབས། བསྟན་ལ་གནོད་པའི་དགྲ་བོ་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོས་དངོས་སུ་བསྒྲལ། མཐུ་དང་རྫུ་འཕྲུལ་ལ་མངའ་བརྙེས་པས་མི་དང་མི་མིན་ཐམས་ཅད་དབང་དུ་བསྡུས། སྦྲུལ་རི་བྲག་དམར་རྡོ་རྗེའི་རྫོང་ཞེས་པའི་དགོན་སྡེ་གཅིག་ཀྱང་བཏབ། བསྟན་པའི་ཆེ་བ་མི་ཉམས་པར་སྲུང་བའི་ཕྲིན་ལས་ལ་ཐོགས་པ་མེད་པའི་མཐུ་གྲུབ་པས་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེའོ། །