83783

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལམ་གྱི་དགག་བྱ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ལམ་གྱི་དགག་བྱ་ནི་འཁྲུལ་པའི་སྣང་བ་མཐའ་དག་ཡིན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་འཇུག་རྣམ་ངེས་ལས་གསུངས་སོ། ། གང་དུ་གཟུང་བས་འཛིན་པ་པོ་འཁོར་བར་འཆིང་བའི་རྒྱུ་ཡོད་མེད་དུ་འཛིན་པའི་འཁྲུལ་པ་མཐའ་དག་ཡིན་ཏེ། འཁོར་བའི་ཉེས་པ་བསྐྱེད་པས་དགག་དགོས་པ་དང། ཞེན་ཡུལ་ལ་ཚད་མས་གནོད་པས་དགག་ནུས་པ་དང། དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ་ཞེས་དགག་པར་གསུངས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།