83910

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལམ་འབྲས་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ལམ་འབྲས་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ཞེ་གཉིས་པ་ཡིན། བརྗོད་བྱ། གྲུབ་ཆེན་བིརྺ་པ་ནས་བརྒྱུད་པའི་ལམ་འབྲས་ཀྱི་ཉམས་ལེན། ཐོག་མར་བློ་ལྡོག་རྣམ་བཞི་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་སྒོམ་ཚུལ་གྱི་རིམ་པ་མདོར་བསྡུས་ཏེ་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་དང་བདག་མེད་བིརྺ་པ། །ནག་པོ་པ་དང་ཌ་མ་རུ་བ་དང་། །ཨ་བ་དྷཱུཏི་ཀ་ཡ་དྷ་རའི་ཞབས། །འབྲོག་མི་ལོ་ཙཱ་སེ་སྟོན་ཀུན་རིག་དང་། །ཞང་སྟོན་ཆོས་འབར་ས་སྐྱའི་གོང་མ་ལྔ། །དཀོན་མཆོག་དཔལ་དང་ན་བཟའ་བྲག་ཕུག་པ། །ཆོས་རྗེ་བླ་མ་དཔལ་ལྡན་ཚུལ་ཁྲིམས་རྗེ། །བུདྡྷ་ཤྲཱི་ངོར་ཆེན་ཀུན་དགའ་བཟང་། །དཔལ་ལྡན་རྡོ་རྗེ་ཀུན་དགའ་མཆོག་གྲུབ་པ། །ཞེས་སོགས་བྱུང། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་དང་། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་ཁྲིད་ཡིག་སྦས་དོན་གསལ་བ་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།