83968

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལམ་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཡོངས་སུ་ཤེས་པ་ཞིག་ལ་ལམ་ཤེས་ཟེར། མཚན་ཉིད་ནི། གྲོགས་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་དེ་ལམ་ཤེས་ཀྱི་འཇོག་བྱེད་དུ་བྱེད་ཅིང། དེ་ལ་ཡང་ཉན་ཐོས་ཀྱི་ལམ་དང་རང་སངས་རྒྱས་ཀྱི་ལམ་དང་ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་གསུམ་ཡོད་ལ། དེ་གསུམ་ཡང་འགལ་བ་ཁོ་ན་ཡིན་ཏེ། རྟོགས་རིགས་ཀྱི་སྒོ་ནས་དེ་ལྟར་ཡིན་པའི་ཕྱིར། ས་མཚམས་ནི་ཐེག་ཆེན་འཕགས་ལམ་ཐོབ་པ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དོ། །
Domain ཆོས་ལུགས།

{{#arraymap:ལམ་ཤེས་

|; |@@@ | | }}

ལམ་ཤེས་ (2)
Part of speech མིང་ཚིག
Definition མཚན་ཉིད་ནི། ལམ་གསུམ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པའོ། །ཡུལ་གྱི་སྒོ་ནས་དབྱེ་བ་དང། རྒྱུ་དང་འབྲས་བུའི་སྒོ་ནས་དབྱེ་བ་དང། མཉམ་རྗེས་ཀྱི་སྒོ་ནས་དབྱེ་བ་དང་། ངོ་བོའི་སྒོ་ནས་དབྱེ་བ་དང་བཞི་ལས། དང་པོ་ལ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ། གཉིས་པ་ལ་རྒྱུའི་ལམ་ཤེས། འབྲས་བུའི་ལམ་ཤེས་གཉིས། གསུམ་པ་ལ་ཐེག་ཆེན་འཕགས་པའི་མཉམ་རྗེས་གཉིས། བཞི་པ་ལ་བཅུ་གཅིག་གོ ། ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །

{{#arraymap:ལམ་ཤེས་

|; |@@@ | | }}

ལམ་ཤེས་ (3)
Part of speech མིང་ཚིག
Definition སེམས་བསྐྱེད་བསྔོ་བ་སྟོང་ཉིད་མངོན་སུམ་གྱིས་རྟོགས་པའི་ཤེས་རབ་གསུམ་གྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་སོ། །དབྱེ་ན། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ་ཡོད། ས་མཚམས་ནི། ཐེག་ཆེན་གྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།

{{#arraymap:ལམ་ཤེས་

|; |@@@ | | }}

ལམ་ཤེས་ (4)
Part of speech མིང་ཚིག
Definition མདོ་ལས་ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ་ཞེས་གསུངས་པ་ལྟར། ཕར་ཕྱིན་ཉ་ཊིཀ་ལས། དེ་ལྟར་ན་མཚན་ཉིད། མཚོན་བྱའི་སྒྲ་བཤད། མཚན་གཞིའོ། །དང་པོ་ནི། ལམ་གསུམ་བདེན་པའི་རང་བཞིན་མེད་པའམ་ལམ་གསུམ་གྱི་ངོ་བོ་དམིགས་རྣམ་སོགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐེག་ཆེན་སློབ་ལམ་ཞེས་པའོ། །གཉིས་པ་ནི། ཐེག་པ་གསུམ་གྱི་ལམ་ཐམས་ཅད་མཉམ་བཞག་ཏུ་བདེན་པའི་སྐྱེ་མེད་དུ་ཤེས་རྗེས་ཐོབ་ཏུ་ལམ་གསུམ་ཇིི་བཞིན་ཤེས་ནས་སྟོན་པར་བྱེད་པ་གྲོགས་སྙིང་རྗེ་ཅན་ཉིད་དོ། །ལམ་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱིས་ཞེས་དང་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་ཞེས་སོགས་དྲང་ངོ་། གསུམ་པ་ནི། ཇི་ལྟ་བ་མཁྱེན་པའི་ཐེག་ཆེན་སློབ་ལམ་མཉམ་བཞག་དང་། ཇི་སྙེད་པ་མཁྱེན་པའི་ཐེག་ཆེན་སློབ་ལམ་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་གཉིས་སོ། ། ཆོས་རྗེ་ཀུན་མཁྱེན་དོལ་པོ་བའི་ཕར་ཕྱིན་མདོ་ལུགས་མའི་དོན་ཁོལ་བུར་ཕྱུང་ལས། གཉིས་པ་ལམ་ཤེས་ལ་མཚན་ཉིད། དབྱེ་བ། ས་མཚམས་སོ། །དང་བོ་ནི། ལམ་གསུམ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་ཞིག་སྨིན་རྫོགས་མ་སྦྱངས་པར་ཡང་དག་པའི་མཐའ་མངོན་དུ་མི་ཕྱེད་པར་གཞན་དོན་བྱེད་པའོ། །གཉིས་པ་ནི། ཇི་ལྟ་བ་མཁྱེན་པ་མཉམ་བཞག་དང་། ཇི་སྙེད་པ་མཁྱེན་པ་རྗེས་ཐོབ་ཀྱི་ཡེ་ཤེས་སོ། །གསུམ་པ་ནི། བྱང་སེམས་ཀྱི་ས་ཁོ་ན་ཡོད་པ་ལ། རྗེས་མཐུན་པ་མཁྱེན་པ་གཞན་གཉིས་ནའང་ཡོད་དོ། །

{{#arraymap:ལམ་ཤེས་

|; |@@@ | | }}

ལམ་ཤེས་ (5)
Part of speech མིང་ཚིག
Definition ཐེག་ཆེན་འཕགས་པའི་མཁྱེན་པ་གང་ཞིག བྱང་སེམས་འཕགས་པའི་བཞེད་དོན་ཕུན་ཚོགས་སྒྲུབ་པར་ནུས་པའི་རིགས་སུ་གནས་པ་དེའོ། །དེ་ལ་དབྱེ་ན། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ་ཡོད། ས་མཚམས་ནི། ས་དང་པོ་ནས། སངས་རྒྱས་ཀྱི་སའི་བར་ན་ཡོད།

{{#arraymap:ལམ་ཤེས་

|; |@@@ | | }}

ལམ་ཤེས་ (6)
Part of speech མིང་ཚིག
Definition སེམས་བསྐྱེད་བསྔོ་བ་སྟོང་ཉིད་མངོན་སུམ་གྱིས་རྟོགས་པའི་ཤེས་རབ་གསུམ་གྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས། དེ་ལ་དབྱེ་ན། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ་ཡོད། ས་མཚམས། ཐེག་ཆེན་གྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།

{{#arraymap:ལམ་ཤེས་

|; |@@@ | | }}

ལམ་ཤེས་ (7)
Part of speech མིང་ཚིག
Definition ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་དེ། ལམ་ཤེས་ཀྱི་མཚན་ཉིད། དེ་དང་ཐེག་ཆེན་འཕགས་པའི་མངོན་རྟོགས་དོན་གཅིག རྒྱུ་ལམ་ཤེས་དང་བྱང་འཕགས་ཀྱི་མངོན་རྟོགས་དོན་གཅིག དེ་ལ་དབྱེ་ན། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ་ཡོད། ཡང་དེ་ལ་དབྱེ་ན། ལམ་ཤེས་ཀྱི་བསྡུས་པའི་ཤེས་པར་བྱ་བའི་མངོན་རྟོགས་དང། མངོན་དུ་བྱ་བའི་མངོན་རྟོགས་གཉིས་ཡོད། མི་རྟག་སོགས་བཅུ་དྲུག་དང། གཟུགས་ཕུང་ཕྱི་རོལ་དུ་མ་གྲུབ་པར་མངོན་སུམ་གྱི་རྟོགས་པའི་ལམ་ཤེས་དང་པོ་དང། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ལམ་ཤེས་གཉིས་པ་ཡིན། ས་མཚམས་ནི། ཐེག་ཆེན་གྱི་མཐོང་ལམ་ནས། སངས་རྒྱས་ཀྱི་སའི་བར་ན་ཡོད།

{{#arraymap:ལམ་ཤེས་

|; |@@@ | | }}

ལམ་ཤེས་ (8)
Part of speech མིང་ཚིག
Definition ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས། དེ་ལ་དབྱེ་ན། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དང། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ་ཡོད།

{{#arraymap:ལམ་ཤེས་

|; |@@@ | | }}

ལམ་ཤེས་ (9)
Part of speech མིང་ཚིག
Definition རྫོགས་སྨིན་སྦྱང་གསུམ་གྱི་སྒོ་ནས་ཡང་དག་པའི་མཐའ་མངོན་དུ་བྱེད་པའི་སློབ་ལམ་པའི་མཁྱེན་པ་ཤེར་ཕྱིན་དངོས་པོ་བརྒྱད་ཀྱི་ཡ་གྱལ་ཞིག

{{#arraymap:ལམ་ཤེས་

|; |@@@ | | }}