83974
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རྫུ་འཕྲུལ་མངོན་པར་འདུ་མ་མཛད་པའི་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་དག་གིས་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་འོད་མོག་མོག་པོར་མཛད་པའི་དགོས་པ་ནི་ང་རྒྱལ་བཅོམ་པའི་ཆེེད་དུ་ཡིན་ལ། བརྒྱུད་པའི་དགོས་པ་ནི་ལམ་ཤེས་སྐྱེ་བར་རུང་བ་ཉིད་དུ་སྒྲུབ་པའི་ཕྱིར་ཡིན་ནོ། །ཞེས་དང། ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་ལམ་ཤེས་ཀྱི་རྟོགས་པ་སྐྱེའོ་ཞེས་རྗེས་འཇུག་གི་གདུལ་བྱ་རྣམས་ཀྱིས་ཀྱང་ཤེས་པར་བྱ་བའི་ཕྱིར་མཛད་དོ། །ཆགས་སྡང་ལ་སོགས་པ་གེགས་ཡིན་ཡང་ང་རྒྱལ་གེགས་ཀྱི་གཙོ་བོ་ཡིན་པས་དངོས་སུ་བསྟན་ནོ། །དེ་བཞིན་གཤེགས་པའི་འོད་ཀྱི་ཆེ་བ་སྟོན་པའི་ཚིག་ཟུར་སྟེ་ཤུགས་ཀྱིས་ལམ་ཤེས་ཀྱི་རྟེན་བརྗོད་པ་ཡིན་ཏེ། ང་རྒྱལ་དང་བྲལ་བ་ཁོ་ན་ལམ་ཤེས་ཀྱི་རྟེན་དུ་འཕངས་པ་དེའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྒྱན་འགྲེལ་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། ལམ་ཤེས་དངོས་སུ་སྐྱེ་རུང་བ་ལ་གེགས་ང་རྒྱལ་མངོན་གྱུར་པས་མཚོན་པའི་ཉོན་མོངས་མངོན་གྱུར་པ་ཐམས་ཅད་བཅོམ་པ་ཅིག་དགོས་ཞེས་བསྟན་ནས་ཡོངས་གཅོད་ལ་སྦྱོར་ལམ་ཆོོོོས་མཆོག་ཆེན་པོ་ལ་གནས་པའི་བྱང་སེམས་དེས་ང་རྒྱལ་མངོན་གྱུར་པས་མཚོན་པའི་ཉོན་མོངས་མངོན་གྱུར་པ་བཅོམ་པས་ལམ་ཤེས་དངོས་སུ་སྐྱེ་རུང་དུ་བསྟན། རྣམ་བཅད་ལ་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་དེས་ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་མངོན་གྱུར་པ་བཅོམ་ཀྱང་སྲིད་རྩེའི་ཉོན་མོངས་མངོན་གྱུར་བ་མ་བཅོམ་པས་ལམ་ཤེས་དངོས་སུ་སྐྱེ་མི་རུང་བར་བསྟན་ནོ། །ཞེས་སྦས་དོན་ཟབ་མོ་ལས་གསུངས་སོ། ། པཎ་ཆེན་ཤཱཀ་མཆོག་གིས། རྒྱུ་ལམ་ཤེས་གང་ལ་སྐྱེ་པའི་རྟེན་གྱི་མཚན་ཉིད་ནི། གེགས་ང་རྒྱལ་མངོན་གྱུར་པ་དང་བྲལ་བའི་གང་ཟག་དེའོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |