84110

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལས་ཀྱི་རྩོད་པ་ཞི་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་གཞི་བཅུ་བདུན་ལས། རྩོད་པ་ཕྱིར་བཅོས་ཀྱི་གཞི་གསུམ་གྱི་ནང་གསེས་ཤིག་སྟེ། མི་མཐུན་པའི་ཉེས་དམིགས་དང་མཐུན་པའི་ཕན་ཡོན་ཤེས་པར་བྱས་ཏེ། དགེ་སྦྱོང་གི་ཆོས་བཞི་ལ་བརྟེན་ནས་རང་ལྟ་མཆོག་འཛིན་དང་གཞན་ལྟ་ཁྱད་གསོད་བྱེད་པ་སྤོང་བ་ནང་གི་གཉེན་པོ་དང༌། ལས་བྱེད་པའི་རྩོད་པ་བྱུང་ན་དགེ་འདུན་ལ་བཟོད་པ་གསོལ་ཏེ་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་བཟོད་པ་བྱིན། དེ་ནས་དགེ་འདུན་ལ་མཐུན་པ་སྦྱིན་པར་གསོལ་བ་བཏབ་ནས་གསོལ་བཞིའི་ལས་ཀྱིས་མཐུན་པ་སྦྱིན། དེ་ནས་མཐུན་པའི་གསོ་སྦྱོང་བྱས་ཏེ་དགེ་འདུན་རྣམས་ཐུགས་དབྱེར་མེད་དུ་བྱེད་པའོ། །
Domain ཆོས་ལུགས།