From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ལས་བཅུ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་སྦྱང་བའི་ལས། ༢ སངས་རྒྱས་ཐམས་ཅད་བསྙེན་བཀུར་བའི་ལས། ༣ བྱང་ཆུབ་སེམས་དཔའི་གྲོགས་ཐམས་ཅད་དང་། དགེ་བའི་རྩ་བ་གཅིག་ཏུ་བྱས་པའི་ལས། ༤ སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ལས། ༥ མ་འོངས་པའི་དུས་ཐམས་ཅད་ཀྱི་ཕྱི་མའི་མཐའི་མུར་ཐུག་པར་ཡོངས་སུ་བཟུང་བའི་ལས། ༦ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་ཡང་འཇིག་རྟེན་གྱི་ཁམས་གཅིག་ནས་མི་གཡོ་བའི་རྫུ་འཕྲུལ་གྱི་ལས། ༧ ཁ་དོག་མཐའ་ཡས་པའི་འོད་ཟེར་བཀྱེ་བའི་འོད་ཀྱི་ལས། ༨ པད་མོའི་སྙིང་པོ་ལ་བྱང་ཆུབ་སེམས་དཔའི་གཟུགས་འཁོད་པ་ཡོངས་སུ་བསྟན་པའི་འོད་ཟེར་གྱི་ལས། ༩ མྱ་ངན་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་བཟུང་བས། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅད་པའི་ལས། ༡༠ འཇིག་རྟེན་ཐམས་ཅད་དུ་རྒྱུ་ཞིང་ཆོས་བསྟན་པ་དང་། སེམས་ཅན་གདུལ་བ་ཡང་དག་པར་སྒྲུབ་པའི་སྤྲུལ་པའི་ལས་དང་། ནམ་འདོད་པ་དང་། ནམ་སེམས་བསྐྱེད་པ་ན་སྨོན་ལམ་ཡོངས་སུ་རྫོགས་པར་སེམས་ཅན་ལ་ཡང་དག་པར་སྟོན་པའི་བྱིན་གྱི་རླབས་ཀྱི་ལས་སོ། །
|
| Domain
|
ཆོས་ལུགས།
|
ལས་བཅུ་ (2)
| Part of speech
|
མིང་ཚིག
|
| Definition
|
ཕལ་ཆེན་ལེའུ་ཉི་ཤུ་པ་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་ལུས་ཀྱི་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཡིན། ངག་གི་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཡིན། ཡིད་ཀྱི་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཡིན། སེམས་ཀྱི་བསྐྱེད་པ་ཙམ་གྱིས་སྐྱེ་བ་སྒྲུབ་པ་ཡིན། སེམས་ཅན་གཞན་གྱི་བསམ་པ་ཤེས་པ་ཡིན། གང་ཟག་གཞན་གྱི་མོས་པ་རྟོགས་པ་ཡིན། སེམས་ཅན་གྱི་ཁམས་ཐ་དད་པ་རབ་ཏུ་ཤེས་པ་ཡིན། ལས་ཀྱི་བྱིན་གྱིས་རླབས་ཐ་དད་པ་རབ་ཏུ་རྟོགས་པ་ཡིན། འཇིག་རྟེན་གྱི་ཁམས་འགྲུབ་པ་དང་འཇིག་པ་ཡོངས་སུ་འཇལ་བ་ཡིན། གང་དགའ་བར་འགྲོ་བ་ལ་མྱུར་བ་ཡིན་པའོ། །
|
ལས་བཅུ་ (3)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག ས་བཅུ་ནི། སྤྱོད་པ་རྟགས་ཀྱི་འཁྲུལ་འཁོར་གྱི་བྱེ་བྲག དགེ་སྡིག་ལས་ཀྱི་འཁྲུལ་འཁོར་མཐའ་དག་གི་འདུ་ས་སྟེ། བཀའ་བརྒྱད་རྣམ་བཤད་ལས། གཉིས་པ་དགེ་སྡིག་ལས་ཀྱི་འཁྲུལ་འཁོར་ལ། གསོ་བ་ཡོན་ཏན་གྱི་འཁྲུལ་འཁོར་དང་། གསོད་པ་ཕྲིན་ལས་དྲག་པོའི་འཁྲུལ་འཁོར། ཆོ་འཕྲུལ་གྱི་འཁྲུལ་འཁོར། ཆུ་འཁྱག་སེར་བའི་འཁྲུལ་འཁོར། ཐོག་སེར་སྐར་མདའི་འཁྲུལ་འཁོར་ལ་སོགས་པ་བསམ་གྱིས་མི་ཁྱབ་ཀྱང་། དེ་དག་ལས་བརྒྱ་རྩ་བརྒྱད་དུ་འདུས་ཤིང་། དེ་ཡང་བསྡུས་ན་ལས་བཅུར་འདུས་ཏེ། ཞི་བ་ཟླ་བའི་དཀྱིལ་འཁོར་དུ་བསྐོར་བ། རྒྱས་པ་གླིང་ཆེན་རྒྱབ་ཏུ་བསྐོར་བ། དབང་བ་བཙུན་མོའི་མཁར་བསྐོར་བ། བསད་པ་གཤིན་རྗེའི་ལྟོ་བར། དགུག་འདྲེན་སེངྒེའི་སྙིང་གར། དབྱེ་བ་རྟ་གླང་འཐབ་པའི་བར་དུ། བསྐྲད་པ་རྔ་མོའི་འཕོངས་སུ། སྨྱོ་འབོག་ཤན་དམར་གྱི་རྒྱབ་ཏུ། ལྐུག་པ་ལུག་གི་ཁོག་པར། མནན་པ་རི་རབ་རྨང་དུ་བསྐོར་བ། ཞེས་དང་། ལས་བཅུ་པོ་དེ་དག་ཀྱང་བསྡུས་ན་ཞི་རྒྱས་དབང་དྲག་བཞིར་འདུས་ལ། དེ་བཞི་ཡང་གསོ་བསད་གཉིས་སུ་འདུས་ཏེ། ཞི་རྒྱས་ཀྱིས་གསོ་བའམ་རྗེས་སུ་འཛིན་པ། དབང་དྲག་གིས་བསད་པའམ་ཚར་གཅོད་པར་བྱེད་དོ། །ཞེས་གསུངས།
|