84321

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:43, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལས་འཛིན་པའི་དབང་གི་སྣོད་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་ཀྱི་རྒྱུད་སྡེའི་སྒྲུབ་ཐབས་རྣམས་ལ་བརྩོན་ཅིང་དེ་དག་གི་ཕྲིན་ལས་ཀྱི་གཞུང་བསྲང་བར་ཆོག་པའི་དབང་ངམ་གནང་བ་འོས་པའི་སྣོད་ཀྱི་གང་ཟག་སྟེ། རྫུ་འཕྲུལ་དྲྭ་བ་ལས། ཕྲིན་ལས་མཆོད་པ་གཞུང་བསྲང་ཞིང་། །མི་ནོར་ཨ་དཀར་དོན་ལྡན་ལ། །ལས་འཛིན་པ་ཡི་དབང་རྣམས་བསྐུར། །ཞེས་པས། དེ་ཡང་གསང་སྔགས་རྒྱུད་སྡེའི་སྒྲུབ་ཐབས་ཀྱི་ཕྲིན་ལས་ལ་འཇུག་ཅིང་ཕྱི་ནང་གསང་བའི་མཆོད་རྫས་རྣམས་ཚང་ཞིང་སྨ་སྨེ་ཉམས་པས་མ་གོས་པར་འབུལ་ཏེ། ཕྲིན་ལས་ཀྱི་གོ་རིམ་མ་ནོར་བར་བསྲང་ཞིང་ཁྱད་པར་དུ་ཐེག་པ་ཆེན་པོ་གསང་སྔགས་ཨ་དཀར་བའི་ལྟ་སྤྱོད་སོགས་ཀྱི་དོན་དང་ལྡན་པ་ཞིག་དགོས་པར་བཤད་དོ། །
Domain ཆོས་ལུགས།