84643
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཆིག་སྐྱེས་རྟིང་པ་རིང་ཞིང་རྩྭ་ཕྲན་ཐར་ཐོར་ཡོད་པ། སྡོང་པོ་རྒྱ་སྨུག་ཕྲ་ལ་གྱོང་བ་མཉམ་དུ་འདྲོང་པོར་སྐྱེ་བར་ཡལ་ག་མེད་པ། ལོ་མ་ལྗང་ལ་ནག་ཉམས་ལྡན་པ། སྒྲོ་དབྱིབས་མང་ལོ་ཁ་སྤྲོད་དམ་ཡང་ན་འཁོར་སྐྱེས་ཡིན་པ་དང༌། མེ་ཏོག་དམར་སྨུག་ལུག་ཐུག་གི་རྭ་ལྟར་འཁྱིལ་བ་བང་རིམ་དུ་སྡོང་པོའི་སྟོད་ངོས་ནས་འཆར་བ། མེ་ཏོག་ཡལ་རྗེས་འབྲས་བུའི་དབྱིབས་ལྟོ་བ་ལྟིར་ལྡིར་ལ་རྩེ་མོ་རྣོ་བ་ཅན་འདོགས་པ་སྟེ། བོད་ཀྱི་རི་ཐང་མཚམས་དང༌། རྡོ་ཧྲུག་སོགས་ཀྱི་གསེབ་ཏུ་སྐྱེ་བ་མང༌། མེ་ཏོག་བོད་ཟླ་དྲུག་པའི་ནང་དུ་བཏུས་ཏེ་ཧམ་རུལ་མ་ཤོར་བར་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་བད་ཀན་སྨུག་པོའི་ནད་དང༌། ཤ་དུག་གི་ནད། རྩ་ནད། ཚ་བས་འཁྲུ་བ། འབྲས་ནད། སྐྲན་གྱི་ནད། གློ་ལུ་བ་སོགས་ལ་ཕན་པ་ཡིན། |
| Domain | གསོ་རིག |