84652

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:44, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལུག་ཤོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྨུག་སྙུང་རིལ་དབྱིབས་ཨུག་ཆོས་ཀྱི་རྩ་བའི་དབྱིབས་འདྲར་རྩྭ་ཕྲན་ཡོད་པ་དང༌། ལོ་མ་སྔོ་ལྗང་མཐུག་ཅིང་སྒོར་ལ་འཇམ་པ་སྙིང་དབྱིབས་འདྲ་བའི་ངར་པ་དམར་པོ་ཅུང་ཟད་རིང་བ་གཞི་རྩ་ནས་སྐྱེ་ཞིང༌། སྡོང་པོ་དམར་སྨུག་ཕྲ་བ་ཁོག་སྟོང་ཆུ་ལོའི་སྡོང་པོ་འདྲ་བ་རེ་གཉིས་ཡོད་པ་དང་སྡོང་པོ་མེད་པའང་ཡོད། མེ་ཏོག་སེར་པོ་ཆུང་བ་འདབ་མ་བཞི་དང་ལྡན་པ་སྡོང་པོའི་རྩེར་འཆར་བ། འབྲས་བུ་ཟུར་སུམ་གཤོག་པའི་རྣམ་པ་ཅན་འདོགས་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་མཐོའི་སྤང་གི་ཆུ་འགྲམ་དང༌། ཆུ་གསེབ། བཞའ་ཚན་ཅུང་ཆེ་བའི་ས་འབོལ་སར་སྐྱེ་བ་མང༌། རྩ་བ་དང་ལོ་སྡོང་ཚང་མ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་སྐྱུར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ཞིང་རྩུབ་པས་རྨ་ཡི་ཚད་པ་སེལ་ཞིང༌། འབྲུམ་ནག་ཁོང་དུ་ལོག་པ་ཕྱི་ལ་འཕུལ་བར་བྱེད་པ་ཡིན།