84814
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ལུང་ལྔ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ནང་གསེས། ལུང་ལྔ་སྟེ། བཀའ་བརྒྱད་རྣམ་བཤད་ལས། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་ལུང་ལྔ་སྟེ། ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་། མཛད་པ་ཆོ་འཕྲུལ་ལྷ་ཡི་ལུང་། ཕྲིན་ལས་མཐར་ཕྱིན་སྒྲུབ་པའི་ལུང་། གསང་སྔགས་ངེས་པ་དོན་གྱི་ལུང་། གསལ་བར་བྱེད་པ་སྒྲོན་མེའི་ལུང་། ཞེས་གསུངས་ཤིང་། གཞུང་འདི་ལྔ་པོའི་ཀླད་ཀྱི་སྤྱི་མཚན་ལ། གསང་སྔགས་གསལ་བར་བྱེད་པའི་སྒྲོན་མ་མདོ་རྒྱུད་རྟོགས་པ་བསྡུས་པ་ལུང་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་ལྔ། ཞེས་དང་། མདོ་རྒྱུད་རྟོགས་པ་བསྡུས་པའི་སྒྲོན་མ་ཞེས་ཀྱང་གསལ། བྱེ་བྲག་གི་མཚན་ལ། རྒྱ་གར་སྐད་དུ༔ སཱུཏྲཏནྟྲཀལྤནཱམཔྲཏིབཾ༔ ཀརུཎསཏནམ༔ ཀརམརཡདྷེཝ༔ ཀརྨཀུརུམལསདྷནཾ༔ གྷུདྷམནྟྲདིསིདྡྷིཀཔྲཏིབྃ༔ གྷུཧཨུཏོཏྟསརྦམཧཱརཱཛ༔ བོད་སྐད་དུ། མདོ་རྒྱུད་རྟོགས་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བ༔ ཐུགས་རྗེ་དཔྱང་ཐག་གི་གནས༔ མཛད་པ་ལྷའི་ཆོ་འཕྲུལ༔ ཕྲིན་ལས་མཐར་ཕྱིན་པའི་སྒྲུབ་པ༔ གསང་སྔགས་ངེས་པར་བྱེད་པའི་དོན༔ གསལ་བར་བྱེད་པའི་སྒྲོན་མ༔ ལུང་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོའོ༔ ཞེས་གསལ། རྒྱ་གར་སྐད་དུ་བཀོད་པའི་མཚན་རྣམས་མ་དག་པར་སྣང་། བསྟན་འགྱུར་གསེར་བྲིས་མ་དང་། སྣར་ཐང་པར་མ། མཚམས་བྲག་བྲིས་མ། འབྲུག་དཔེ་མཛོད་ཁང་གི་བྲིས་མ་བཅས་སུ་བརྟགས་ཀྱང་ནོར་བ་ལས་ཡིད་བརྟོན་རུང་བ་ཞིག་མ་བྱུང་། |
| Domain | ཆོས་ལུགས། |