84985

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:46, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལུས་དང་ཡིད་ལས་མི་འཇིགས་པའི་ཡོན་ཏན་བཅུ་བཞི་ (1)
Part of speech མིང་ཚིག
Definition སངས་རྒྱས་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ བདག་ཕྱི་རོལ་གྱི་སྒྲ་ལ་མི་གཞོལ་བ། ༢ ཤེས་པ་མཐོང་བ་ཕྱིར་བསྡུས་པ། ༣ བལྟ་བ་མཉམ་པ་ཕྱིར་བསྡུས་པ། ༤ ཕྱིན་ཅི་ལོག་གི་སེམས་རྒྱུན་འཆད་ཅིང་གསོད་པ་དང་འཚེ་བའི་སེམས་མེད་པ། ༥ མཉན་པ་ལས་ཕྱིར་བསྡུས་ནས་མཉན་པའི་རང་བཞིན་ལ་ཞུགས་པ། ༦ ཐོས་པ་ལས་རིམ་གྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་མངོན་དུ་གྱུར་པ། ༧ སྒྲའི་རང་བཞིན་རྣམ་པར་དག་ནས་མཐོང་བ་དང་ཐོས་པ། ༨ སྒྲའི་དམིགས་ཞི་ཞིང་མཉན་པའི་རང་བཞིན་ལ་ཞུགས་པ། ༩ ཐོས་པ་ལས་རིམ་གྱིས་ཡུལ་དང་བྲལ་བ། ༡༠ སྒྲའི་རང་བཞིན་ཡུལ་གྱིས་མ་གོས་པ། ༡༡ ཡུལ་གྱི་དམིགས་པ་ཟད་ཅིང་ཕྱིར་བསྡུས་པ། ༡༢ རྣམ་པ་རྣམས་བསྡུས་ནས་ཐོས་པའི་རང་བཞིན་དུ་ཞུགས་པ། ༡༣ དབང་པོ་དྲུག་གི་དེ་ཁོ་ན་ཉིད་མཐར་ཐུག་པ་གསལ་བར་མཁྱེན་པ། ༡༤ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ད་ལྟ་བཞུགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ།
Domain ཆོས་ལུགས།