85213

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལེགས་དཔོན་པའི་སྡེ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ལེགས་དཔོན་པའི་སྡེ་ནི། ཞི་བ་བགྲོད་པ་གཅིག་པའི་ཉན་ཐོས་ལས་གྱེས་པའི་སྡེ་བ་བཞི་པོའི་ཡ་གྱལ་ཞིག་སྟེ། གསང་སྔགས་ལུང་གི་བང་མཛོད་ལས། ཞི་བ་བགྲོད་པ་ཕྱོགས་གཅིག་པའི་ཉན་ཐོས་ལ་རྩ་བའི་སྡེ་པ་བཞིར་གྱེས་སྟེ༔ དགེ་འདུན་ཕལ་ཆེན་པའི་སྡེ་དང་༔ ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང་༔ གནས་བརྟན་པའི་སྡེ་དང་༔ ལེགས་དཔོན་པའི་སྡེའོ༔ ཞེས་དང་། ལེགས་དཔོན་ལ་རྣམ་པ་བཞི་སྟེ༔ གསང་སྒྲོས་རི་ཀའི་སྡེ་དང་༔ གནས་སྲུང་བའི་སྡེ་དང་༔ ཕྱོགས་ཆ་འཛིན་པའི་སྡེ་དང་༔ གྲོལ་བ་ལ་གནས་པའི་སྡེའོ༔ ཞེས་གསུངས།
Domain ཆོས་ལུགས།