From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། ངོ་བོ་ནི། སྤྲོས་བྲལ་རྟོགས་པའི་རྟོགས་པ་འཁོར་བཅས། དེ་སྟོན་པའི་ཆོས་ཀྱི་ཕུང་པོ་ནི། ཡུམ་རྒྱས་འབྲིང་བསྡུས་པ་རྣམས་སོ། །ཞེས་གཡག་སྟོན་གྱི་ཤེར་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། མཚན་ཉིད་ནི། ཀུན་བཏགས། གཞན་དབང་། ཡོངས་གྲུབ་གསུམ་དུ་ཕྱེ་ནས་གཙོ་བོར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་དེའོ། །དབྱེ་ན། གསུམ་སྟེ། བཀའ་དང་པོ་དེ་ལྟར་ཕྱེ་ནས་སྟོན་པའི་འདུལ་བ་ལུང་གི་ཆ་ཤས་འགའ་ཞིག་དང་། བར་པ་དེ་མ་རྫོགས་དང་རབ་རྫོགས་དང་། །ཞེས་པའི་སྐབས་ཀྱི་ཤེར་ཕྱིན་གྱི་མདོ་ལྟ་བུ་དང་། ཐ་མ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་ཞུས་པའི་མདོ་ལྟ་བུའོ། །དེ་ལྟར་ན། བཀའ་དང་པོ་དང་། བར་པ་དང་། ཐ་མ་གསུམ་པོ་རེ་རེ་ལ་ཡང་བདེན་བཞིའི་ཆོས་འཁོར། མཚན་ཉིད་མེད་པའི་ཆོས་འཁོར། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དེ། གསུམ་གསུམ་དུ་ཕྱེ་བས་དགུར་རིག་པར་བྱའོ། །ཞེས་པཎ་ཆེན་ཤག་ཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
|
| Domain
|
ཆོས་ལུགས།
|
ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ (2)
| Part of speech
|
མིང་ཚིག
|
| Definition
|
དགོངས་འགྲེལ་ལས་གསུངས་པའི་དེ་གསུམ་གང་རུང་ཡང་ཡིན། རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་ཀུན་བརྟགས་རང་གི་མཚན་ཉིད་མ་གྲུབ་ཅིང། གཞན་དབང་དང་ཡོངས་གྲུབ་དོན་དམ་པར་གྲུབ་པའི་ཁྱད་པར་ཕྱེ་ནས་སྟོན་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མདོར་དམིགས་པ། མཚན་གཞི་ནི། དགོངས་འགྲེལ་ལས་གསུངས་པའི་དོན་དམ་ཡང་དག་འཕགས་ཀྱིས་ཞུས་པའི་ལེའུ་ལྟ་བུའོ། །
|