85400
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཅིག་པའི་མགོར་སྟོད་མངའ་རིས་སུ་འཁྲུངས། ལོ་ཆེན་རིན་ཆེན་བཟང་པོ་བཤེས་གཉེན་དུ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། ལེགས་སྦྱར་སྐད་ཡིག་ལ་མཁས་པའི་ལོ་ཙཱ་བ་ཞིག་ཡིན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལས་ཆོས་འབྲེལ་གསན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་སྡོམ་པའི་རྒྱུད་ཉུང་ངུའི་མཚམས་སྦྱོར་དང་། ལམ་གྱི་རབ་ཏུ་བྱ་བ། ཞིབ་མོ་རྣམ་འཐག་པ་ཞེས་བྱ་བའི་མདོ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་བཤད། མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། སྦྱིན་པའི་གཏམ། སྲིད་པ་ལས་འདས་པའི་གཏམ། མི་རྟག་པའི་དོན་གྱི་གཏམ། སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་བ། དེ་ཁོ་ཉིད་བསྡུས་པའི་དཀའ་འགྲེལ་ལ་ཚིགས་སུ་བཅད་པ་ཁྲི་བརྒྱད་སྟོང་ཡོད་པ་བཅས་བཞུགས། |