85410

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོ་ཆེན་སངས་རྒྱས་དཔལ་བཟང་ (1)
Part of speech མིང་ཚིག
Definition ཀུན་མཁྱེན་དངོས་སློབ་ལོ་ཆེན་སངས་རྒྱས་དཔལ་བཟང་མཆོག་ནི། ཀུན་མཁྱེན་པདྨ་དཀར་པོའི་དངོས་སློབ་ཡིན། (ཀུན་མཁྱེན་ཆེན་པོའི་འཁྲུངས་ལོ་རབ་བྱུང་དགུ་པའི་མེ་ཕག་ ༡༥༢༧ ལོར་སྐུ་བལྟམས། ) རྒྱལ་བྱེད་ཚལ་ནས་སྦྱངས་པ་མཐར་ཕྱིན། སྒྲ་ཀ་ཙན་སོགས་རིག་གནས་ལ་ཤིན་ཏུ་མཁས་པས་ལོ་ཙཱའི་མཚན་ཐོགས། ཀུན་མཁྱེན་རྒྱལ་བའི་དབང་པོ་ཉིད་ལས་མཁའ་འགྲོ་སྙན་རྒྱུད་ཀྱི་དབང་ཁྲིད་བཤད་པ་སོགས་ཟབ་རྒྱས་ཀྱི་གདམས་པ་རྣམས་གསན། གཞན་ཡང་ཅོག་གྲྭ་སེམས་དཔའ་རིན་ཆེན་དཔལ་བཟང་སོགས་བླ་མང་པོ་བསྟེན་ནས་གདམས་པ་ཞུས། ཕྱིས་ཁམས་ལྷོ་སྟོད་ལྕང་ར་དཔལ་འབར་དུ་བཞུགས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པའོ། །སློབ་མ་ནི། སྤྱན་གཡས་གཡོན་ལྟ་བུ་ཀུན་སྙིང་དང༌། ཤཱཀྱ་བློ་གསལ་གཉིས། དཔྲལ་བའི་སྤྱན་གཅིག་ལྟ་བུ་འཛི་སྒར་བསོད་ནམས་རྒྱ་མཚོ་ཡིན་པར་རྗེའི་དེའི་རང་རྣམ་དུ་གསལ་ཞིང༌། བཤེས་གཉེན་ཆོས་གྲགས་རྒྱ་མཚོས་ཀྱང་བསྟེན་པར་གསལ་ཏེ། དེའི་རང་རྣམ་དུ། སྒྲ་ཀ་ཙན་སྙན་ངག་སོགས་རིག་གནས། རྒྱུད་བཤད་དཀྱིལ་ཆོག་ཐམས་ཅད་ཐུགས་ལ་བྱང་བ་བཤེས་གཉེན་སངས་རྒྱས་དཔལ་བཟང་མདུན་ནས། ལོ་གཅིག་རིང་རི་མོ་དང་བཤད་པ། དཀའ་གནས་དོགས་གཅོད་མཛད་པར་གསུངས་སོ། །