85430

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོ་དགེ་དགོན་བཤད་སྒྲུབ་དར་རྒྱས་གླིང་ (1)
Part of speech མིང་ཚིག
Definition ལོ་དགེ་དགོན་བཤད་སྒྲུབ་དར་རྒྱས་གླིང༌། མདོ་སྨད་མཛོད་དགེ་གཟའ་རུ་ཡུལ་ཚོའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། རབ་བྱུང་དགུ་པའི་ཤིང་སྟག ཕྱི་ལོ་ ༡༥༥༤ ལོར་སེ་རའི་རབ་འབྱམས་པ་ལོ་རུ་ཤཱཀྱ་སེངྒེས་ཕྱག་འདེབས་མཛད། ཕྱིས་སུ་དགོན་པར་མེའི་འཇིག་པ་བྱུང་བ་ཀིརྟིའི་བླ་བྲང་ནས་བསྐྱར་གསོ་གནང་བ་ནས་བཟུང་ཀིརྟིའི་ལེ་ལག་ཏུ་གྱུར། གདུགས་དཀར་དང་ཀུན་རིག་སོགས་ཀྱི་སྒྲུབ་མཆོད་གཙོ་བོར་བྱེད། ཕྱི་ལོ་ ༡༩༥༠ གོང་གྲྭ་གྲངས་ ༦༠ ཙམ་བཞུགས། མཚན་གཞན། ལོ་དགེ་དགོན་བཀྲ་ཤིས་དར་རྒྱས་གླིང༌།