85461
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལྔ་ཕྲུགས་ཉེར་གཅིག་གི་ནང་ཚན་ཞིག དེའི་དོན་དང་གྲངས་འདྲེན་དང་བཅས་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་ཡང་ལོ་བཅུ་ལོན་པའི་ལྔ་པ་ཡོད་དེ། བསྟན་ཚུལ་གྱི་དབང་དུ་བྱས་ན། ནད་གཡོགས་དང་། འགྱོད་པ་བསལ་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་དང་། གནས་མངོན་པར་མི་དགའ་བ་འདོར་བ་དག་ལ་བྱེད་དམ་བྱེད་དུ་འཇུག་ནུས་པའོ། །ཞེས་པའི་མདོ་ལས་བསྟན་ཅིང་། བསྟན་དོན་ཡང་། བསྙེན་པར་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་དུ་ལོ་བཅུ་ལོན་པ། ནད་གཡོགས་བྱེད་དམ་བྱེད་དུ་འཇུག་ནུས་པ། འགྱོད་པ་བསལ་བ་བྱེད་དམ་བྱེད་དུ་འཇུག་ནུས་པ། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤོང་བར་བྱེད་དམ་བྱེད་དུ་འཇུག་ནུས་པ། གནས་མངོན་པར་མི་དགའ་བ་འདོར་བར་བྱེད་དམ་བྱེད་དུ་འཇུག་ནུས་པ་རྣམས་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |