85499

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་མགོར་འཁྲུངས། བོད་ནས་ཐོག་མར་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་པཎ་གྲུབ་མང་པོ་བསྟེན། མདོ་སྔགས་མ་ལུས་པར་ཐུགས་བརྩོན་མཛད། ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་འཕགས་པ་བྱམས་པས་དམ་བཅས་པའི་གཟུངས་དང་། འབྱུང་བོ་འདུལ་བྱེད་ཀྱི་རྒྱུད་ལས་ཇི་སྙེན་པ་རིམ་པར་ཕྱེ་བ་གཉིས་པ། བསྟན་འགྱུར་ལས་དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་རྡོ་རྗེའི་ཚིག་བཏུབ། བདེ་བ་ཆེན་པོའི་བདུད་རྩིའི་འོད། བྱང་སེམས་ཐེག་པའི་མན་ངག གསང་ཆེན་དགའ་བའི་ཐིག་ལེ། དཔལ་འཁོར་ལོ་སྡོམ་པའི་དབང་གི་བྱ་བ་མདོ་བསྡུས་པ། སྤྱོད་པའི་གླུ། རྗེ་བཙུན་འཕགས་པ་གནོད་འཛིན་ཆུ་དབང་གི་སྒྲུབ་ཐབས། དཔལ་གཤིན་རྗེ་དགྲ་ནག་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མ། དཔལ་གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་ཐབས་འཁོར་ལོའི་དོན་རྒྱས་པར་བཤད་པ། གཤིན་རྗེའི་དགྲ་ནག་པོའི་སྒྲུབ་ཐབས་ཀུ་མུ་ཏ་ཁ་བྱེ་བ། དཔལ་རྡོ་རྗེ་འཇིགས་བྱེདད་རྒྱུད་ཀྱི་དཀའ་འགྲེལ། གཤིན་རྗེ་གཤེད་ནག་པོའི་འཁོར་ལོའི་མན་ངག ནག་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། འོ་མའི་སྒྲུབ་ཐབས། ཀུན་ཏུ་བཟང་པོའི་སྦྱིན་སྲེག་གི་ཆོ་ག་བཅས་ཆོས་ཚན་གྱ་བདུན་བཞུགས།