85500
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་དགུ་པའི་མགོར་འཁྲུངས། སྒྲ་བསྒྱུར་ལ་མཁས་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་འཕགས་པ་རིན་ཆེན་ཟླ་བས་ཞུས་པའི་མདོ་ཤོ་ལོ་ཀ་གཉིས་བརྒྱ་ཉེར་བདུན་པ་དང་། འཕགས་པ་མར་མེ་མཛད་ཀྱིས་ལུང་བསྟན་པ་ཞེས་བྱ་བའི་མདོ་ཤོ་ལོ་ཀ་ཉིས་བརྒྱ་དང་བཅུ་པ། འཕགས་པ་ཚངས་པའི་དཔལ་ལུང་བསྟན་པའི་མདོ་ཤོ་ཀ་བཞི་བཅུ་བ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བའི་མདོ་ཤོ་ལོ་ཀ་དྲུག་ཅུ་རེ་བཞི་བ་བཅས་བཞུགས། |