85514
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱང་ཆུབ་འོད་ཀྱིས་ཨ་ཏི་ཤ་གདན་འདྲེན་དུ་བཏང་བའི་མི་ལྔའི་ཡ་གྱལ་ཡིན་ལ། རྒྱ་གར་དུ་སློབ་གཉེར་ལ་སླེབས་ཏེ་པཎྚི་ཏ་མང་པོའི་མདུན་ནས་ཆོས་མང་དུ་གསན། ནག་ཚོ་ལོ་ཙཱ་བ་དང་ལྷན་དུ་ཇོ་བོ་རྗེ་བོད་དུ་སྤྱན་དྲངས་ཏེ་བལ་ཡུལ་དུ་ཕེབས་སྐབས་སྐུ་གཤེགས། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་དང་བཅས་པའི་གཟུངས། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་དོན་ཐམས་ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་བུ། རིན་པོ་ཆེ་རྒྱན་གྱི་སྒྲུབ་པ། རྡོ་རྗེ་ཕག་མོའི་སྒྲུབ་པའི་ཐབས། ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོོར་བུ་ལ་སོགས་པའི་བསྒྱུར་གཞུང་ཤིན་ཏུ་མང་། |