85520

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོ་ཙྭ་བ་ཆེན་པོ་སྐྱེས་མཆོག་རིན་ཆེན་བཟང་པོ་ (1)
Part of speech མིང་ཚིག
Definition བོད་ཀྱི་ལོ་རྒྱུས་ཐོག་མཚན་སྙན་གྲགས་ཤིན་ཏུ་ཆེ་བའི་ལོ་ཙྭ་བ་ཆེན་པོ་ཞིག་ཡིན། རབ་བྱུང་དང་པོ་ཤར་སྔོན་གྱི་ལོ་དྲུག་ཅུ་རེ་དགུ་ས་རྟ་ཕྱི་ལོ་༩༥༨ལོར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྲས་སུ་མངའ་རིས་གུ་གེའི་ཆ་ཝཾ་རཏྣ་རུ་སྐུ་འཁྲུངས། དགུང་ལོ་གསུམ་པར་རབ་ཏུ་བྱུང་། བཅུ་བདུན་ཐོག་འཕགས་ཡུལ་དུ་བྱོན་ནས་ལོ་བཅུ་ཞུགས། པཎྚི་ཏ་མཁས་པ་མང་པོ་བསྟེན་ནས་མདོ་དང་། སྔགས། སྒྲ་རིག་པ། ཚད་མ། གསོ་བ་རིག་པ་སོགས་མཐར་ཕྱིན་པར་སྦྱངས་ནས་བོད་དུ་བྱོན། མདོ་རྒྱུད་ཀྱི་གཞུང་མང་པོ་དང་། གསོ་བ་རིག་པའི་གཞུང་མང་པོ་བོད་སྐད་དུ་བསྒྱུར། སློབ་མ་སྨན་པ་མཁས་པ་མི་དགུ་བྱུང་། དགུང་ལོ་དགུ་བཅུ་གོ་བརྒྱད་པ་རབ་བྱུང་དང་པོའི་ཤིང་ལུག་ཕྱི་ལོ་༡༠༥༥ལོར་སྐུ་གཤེགས།