85530
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་ཡི་འགྲོས་མཚོན་བྱེད་དུ་བཀོད་པའི་སྲོག་ཆགས་བཅུ་གཉིས་ཀྱི་གཟུགས་བརྙན་ལ་ཟེར་ཞིང་། དེ་བཅུ་གཉིས་ནི་བྱི་བ་དང་། གླང་། སྟག ཡོས། འབྲུག སྦྲུལ། རྟ། ལུག སྤྲེལ། བྱ། ཁྱི། ཕག་བཅས་ཡིན། དེ་དག་ཕྱོགས་སུ་གནས་སྟངས་ནི་བྱི་བ་བྱང་སྨད་དང་། གླང་བྱང་ཤར་མཚམས། སྟག་ཤར་སྟོད་དང་། ཡོས་ཤར་སྨད། འབྲུག་ཤར་ལྷོའི་མཚམས། སྦྲུལ་ལྷོ་སྟོད། རྟ་ལྷོ་སྨད། ལུག་ལྷོ་ནུབ་མཚམས། སྤྲེལ་ནུབ་སྟོད། བྱ་ནུབ་སྨད། ཁྱི་ནུབ་བྱང་མཚམས། ཕག་བྱང་སྟོད་བཅས་དང་། དེ་དག་ཀྱང་ཐབས་ཀྱི་རང་བཞིན་མཚོན་པའི་ཕོ་ལོ་དྲུག་དང་། ཤེས་རབ་ཀྱི་རང་བཞིན་མཚོན་པའི་མོ་ལོ་དྲུག་བཅས་ཁག་གཉིས་སུ་དབྱེ་ཡོད། |
| Domain | རྩིས་རིག |