85540
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་འགྲོས་བཅུ་གཉིས་ལས་ཁྱི་འབྲུག་གཉིས་ལ་ལོ་ཡི་གནམ་སྒོ་ཟེར་ཞིང་། དེ་གཉིས་ལས་ཁྱི་ཕོ་ལ་ཁྱད་པར་དུ་གཉན་པས་ཕོ་ཡི་གནམ་སྒོ་དང་། མོའི་བྱེ་བྲག་གི་གནམ་སྒོ་ནི་འབྲུག་ཡིན། གལ་སྲིད་བརྩི་བྱ་ཕོ་མོའི་ལོག་མེན་ལོ་རང་རང་གི་གནམ་སྒོའི་སྟེང་དུ་བབས་ན་གནམ་སྒོ་ཕྱེ་ཞེས་ཟེར་ཞིང་། དུས་དེར་མནའ་བོར་བ་དང་། ཁྱི་གསར་གསོ་བ། ཁང་བའི་བ་གམ་འདོགས་པ། ཤིང་བྲག་རི་གསུམ་གྱི་རྩེ་ལ་སོགས་མཐོ་སར་འགྲོ་བ་བཅས་སྤང་དགོས་ལ། གནམ་ལྕགས་ཐོག་དང་འགྲིལ་པའི་རྦབ་རྡོ་ལ་འཛེམ་དགོས། ཁྱད་དུ་འགོ་ནད་འོང་ཉེན་ཡོད་པས། བཟློག་རིམ་ལ་གདུགས་དཀར་དང་། བརྒྱ་བཞི། ནམ་མཁའི་སྙིང་པོའི་མཚན། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ། བཟློག་བསྒྱུར། གནམ་སྒོ་སྡོམ་པའི་གཏོ་ཆོག་བཅས་བྱ་དགོས། ཁྱད་པར་དུ་ཤིང་གི་ཁྱི་འབྲུག་ལ་བབས་ན་ཕ་མིང་དང་། མེ་ཡི་ཁྱི་འབྲུག་ལ་བབས་ན་མ་སྨད། ས་ཡི་ཁྱི་འབྲུག་ལ་བབས་ན་མ་སྲུ། ལྕགས་ཀྱི་ཁྱི་འབྲུག་ལ་བབས་ན་ཟས་ནོར། ཆུ་ཡི་ཁྱི་འབྲུག་ལ་བབས་ན་བྱ་བྱེད་བཅས་ལ་ངན་པས་དེ་དག་གི་སར་གནམ་སྒོ་ཕྱེ་ཞེས་ཟེར་བ་ཡིན། བརྩི་བྱའི་ལོ་ཁམས་ཅི་ཡིན་དང་གནམ་ལོར་གང་ཤར་ལ་བལྟ་མི་དགོས་པར་སྐྱེས་པ་དག་རང་ལོ་དགུ་དང་། ཉེར་གཅིག སོ་གསུམ། ཞེ་ལྔ། ང་བདུན། རེ་དགུ། གྱ་གཅིག་སོགས་ལ་སོན་དུས་དེར་གནམ་སྒོ་ཕྱེ་ཞིང་། བུད་མེད་དག་རང་ལོ་ལྔ་དང་། བཅུ་བདུན། ཉེར་དགུ། ཞེ་གཅིག ང་གསུམ། རེ་ལྔ། དོན་བདུན། གྱ་དགུ་སོགས་ལ་སོན་དུས་དེར་གནམ་སྒོ་ཕྱེ་བ་ཡིན། |
Domain | རྩིས་རིག |
{{#arraymap:ལོ་ཡི་གནམ་སྒོ་
|; |@@@ | | }}