85556

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོ་རས་དབང་ཕྱུག་བརྩོན་འགྲུས་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་མེ་ལུག་ཕྱི་ལོ་ ༡༡༨༧ ལོ་གཞུང་གི་གྲགས་ཆེན་དུ་ཡབ་རྣལ་འབྱོར་དང་། ཡུམ་མེ་བཟའ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པ་ནས་ཡི་གེའི་སྦྱོར་ཀློག་ལེགས་པར་མཁྱེན། བཅུ་དྲུག་པར་ཆོས་རྗེ་གཙང་པ་བ་དང་མཇལ། བཅོ་བརྒྱད་པར་སྐྱོར་མོ་ལུང་དུ་མཁན་པོ་སྦལ་ཏི་ལས་རབ་ཏུ་བྱུང་། མཚན་ལ་དབང་ཕྱུག་བརྩོན་འགྲུས་ཞེས་གསོལ། འབྲུག་ཏུ་བསྙེན་པར་རྫོགས། འདུལ་བ་མདོ་རྩ་དང་། བརྟག་གཉིས། མ་ཧཱ་ཧཱ་ཡཱ་ལ་སོགས་པའི་རྒྱུད་དང་། དོ་ཧ་ལ་སོགས་པའི་ཟབ་ཆོས་དང་། བདེ་མཆོག་ལ་སོགས་པའི་སྒྲུབ་གཞུང་མང་དུ་གསན། ཆོས་རྗེ་འཁོར་བཅས་གཞུང་དུ་གདན་དྲངས་ཏེ། འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ། དགེ་འདུན་དང་ཡུལ་མི་རྣམས་ལ་འགྱེད་བཟང་པོ་བཏང། ཕ་ཡུལ་དུ་མི་འགྲོ་བ་སོགས་དམ་བཅའ་བདུན་མཛད། ལོ་དྲུག་ཏུ་དམ་བཅའ་བསྲུངས་ནས་ཅི་བདེར་མཛོད་གསུངས། འཚོ་གནས་ཀྱི་དཀའ་ལས་མང་ཙམ་འཕྲད་ཀྱང་བླ་མའི་མོས་གུས་དང་མ་བྲལ་བས་དགེ་སྦྱོར་གྱི་གྲོགས་སུ་གྱུར། ཉེར་ལྔ་པར་རྗེ་གཙང་པ་གཤེགས། ཁ་རག་གི་རྩེ་མོ་ཇོ་མོ་གྲོ་ས་དང་། ཇོ་མོ་གངས། སེ་མོ་དོ་རྣམས་སུ་ཐུགས་དམ་མཛད། མངོན་པར་ཤེས་པ་ཆེན་པོ་ཡང་ལྡན། ཆུ་མིག་དཀར་མོ་དང་། ཤིང་སྐམ། ལྕགས་སྤྱིལ། དབུ་རི་ལ་སོགས་པའི་དགོན་པ་ཕྲན་རེ་མཛད་ནས་གཞན་དོན་བསྐྱངས། གླང་གི་ལོ་ལ་དཀར་པོ་ཅོབ་ལུང་བཏབ། ཚོགས་པ་མང་པོ་འདུས། ཐུགས་དམ་གསེར་གྱི་པོ་ཏི་མང་དུ་བཞེངས། ལྷོ་བྲག་མཁར་ཆུར་མཁར་ཆུའི་ལྷ་ཁང་ཞིག་གསོ་མཛད་ནས་གསེར་གྱི་རྒྱལ་མཚན་བཙུགས། མོན་བུམ་ཐང་དུ་ཐར་པ་གླིང་གི་དགོན་པ་བཏབ། སེང་གེ་རིར་རབ་བྱུང་མང་པོར་བདེ་མཆོག་གི་དབང་ཆེན་རྒྱས་པ་གནང་། རེ་བཞི་པ་རབ་བྱུང་བཞི་པའི་ལྕགས་ཁྱི་ཕྱི་ལོ་༡༢༥༠ ལོར་སྐུ་གཤེགས།སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་བ་ནི་འཇམ་དབྱངས་མགོན་པོ་ཡིན།