85561

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོ་རི་དང་པོ་ཤེས་རབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ནང་ཙམ་དུ་འཁྲུངས། (ཀརྨ་བསྟན་འཕེལ་འཁྲུངས་ལོ་རབ་བྱུང་བཅུ་པའི་ས་སྦྲུལ་ ༡༥༦༩ ལོར་འཁྲུངས། ) རྒྱལ་བ་ལོ་རས་པའི་སྤྲུལ་པར་གྲགས། མདོ་ཁམས་པ་ཀརྨ་བསྟན་འཕེལ་དང་། འཛི་སྒར་བསོད་ནམས་རྒྱ་མཚོ། གཞན་ཡང་བཤེས་གཉེན་མང་པོ་བསྟེན་ནས་མཁས་གྲུབ་ཆེན་པོར་གྱུར། རྗེ་བླ་མ་བསོད་ནམས་རྒྱ་མཚོ་གཤེགས་སྐབས། རྗེ་ལོ་རི་ཤེས་རབ་རྒྱ་མཚོའི་མཚན་ལམ་དུ། དཔལ་འཁོར་ལོ་སྡོམ་པ་རིགས་འདུས་ཀྱི་དཀྱིལ་འཁོར་ཆོ་གའི་མངོན་རྟོགས་ཇི་ལྟ་བ་ཞིག་གཟིགས་ཤིང༌། དེ་ལས་སྤྲུལ་སྐུ་འབྱོན་པའི་ལུང་བསྟན་ཐོབ་པས་རྟབ་རྟོབ་ཀྱིས། ཡབ་ཡུམ་གྱི་དྲུང་དུ་བྱོན་ནས་གནང་ཆ་ཕྲན་བུ་དང་བཅས། ལྷ་རྗེ་ཨ་སྐྱབས་ཁྱོད་ཀྱི་སྲས་འདི་ངའི་བླ་མའི་སྐུའི་སྐྱེ་བ་ཡིན་འདྲ་བས། གཙང་སྦྲ་གཅེས་སྤྲས་གལ་ཆེ་ཞེས་གདམས་པར་མཛད། སྔ་གོང་དུ་མཉམ་མེད་འབྲུག་པ་རིན་པོ་ཆེ་མི་ཕམ་དབང་པོའི་ཞལ་སྔ་ནས། ཡབ་མིང་ལ་ཨ་དང༌། ཡུམ་མིང་ཀླུ་ཞེས་བྱ་བའི་སྲས་སུ་འཁྲུངས་ཡོང་ཞེས་ཇི་ལྟར་ལུང་བསྟན་པ་བཞིན་མཐུན་པར་བྱུང༌། སྒ་སྟོད་ཨ་ཁྲོ་དཔོན་གྱིས་བུ་འདི། སྐྱེས་བུ་དམ་པ་ཞིག་ཡིན་ན། ངེད་ཅག་སྡེ་དཔོན་ཡོངས་ཀྱི་བསོད་ནམས་དུ་བྱོན་པ་ཡིན། ས་མཐའ་ཞིག་ཏུ་གདན་འདྲེན་མི་ཆོག་ཟེར་ནས། ཐོག་མར་གཏོང་དུ་མ་འདོད། མཐར་ནན་ཞུས་མཛད་པས། འོ་ན་ངེད་སྡེ་དཔོན་ཡོངས་ལ། འདི་ཕྱིའི་སྐྱབས་གནས། སྐྱེས་བུ་དམ་པ་ཞིག་ཡོད་དགོས། ཡང་ན་སྤྲུལ་སྐུ་འདི་ཞོག ། ཡང་ན་ཁྱེད་བཞུགས་ཟེར། སྔར་ནས་ལུང་བསྟན་ཡོད་པ་ལྟར་བཞུགས་པར་ཞལ་གྱིས་བཞེས། བླ་གྲྭ་འཁོར་བཅས་གདན་ས་གར་འདེབས་ཀྱི་ས་དཔྱད་བརྟགས་པའི་མཐར། སྒ་ནོན་འཇམ་འོམ་བུ་ལུང་ཞེས་པའི་ས་ཆའི་ཕྱོགས་སུ་ལུང་བསྟན་དང་མཐུན་པའི་དབེན་གནས་ཉམས་དགའ་ཞིང་ཡིད་དུ་འོང་བ་དེར། སྔར་མཁར་ཕུ་བ་རྒྱལ་མཚན་བློ་གྲོས་ཀྱིས་བཏབ་པར་གྲགས་པའི་མཁར་ཕུ་ནམ་མཁའ་ཆོས་གླིང་ངམ། འབྲི་གུང་ནམ་མཁའ་སྒང་ཞེས་པའི་སྒྲུབ་སྡེ་ཞིག་ཡོད་པ་དེ་དང་གཅིག་ཏུ་དྲིལ་ནས། རབ་བྱུང་བཅུ་གཅིག་པའི་ས་རྟ་ ༡༦༧༨ ལོར་གདན་ས་བཏབ། དཔལ་འབྲུག་རྒྱས་ཆོས་འཁོར་གླིང་ཞེས་མཚན་གསོལ། ཐོག་མར་གུར་སྒར་བཏབ་ནས་བཞུགས་པས། སྒར་པ་དགོན་དང༌། ལོ་རི་སྒ་ཆེན་སྒར་ཞེས་ཟེར། དགོན་དེའི་གཡོན་ཕྱོགས་སུ་མགོ་མང་ཞེས་པའི་ལུང་པའི་ནང་མགོ་མང་སྒྲུབ་ཁང་འཆི་མེད་དགའ་ཚལ་ཞེས་པའི་བཙུན་མའི་སྒྲུབ་སྡེ་ཞིག་སྔར་ནས་ཡོད་པ་དེའང་ཐུགས་བརྩེས་རྗེས་སུ་བཟུང་བས་དར་རྒྱས་སུ་གྱུར། དེ་ལྟར་སྒ་སྟོད་ཕྱོགས་སུ་མ་ཎིའི་དུང་སྒྲུབ་འཛུགས་པ་དང་ཆོས་ཀྱི་འཁོར་ལོ་ཡུན་རིང་བསྐོར་ཅིང༌། བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པར་མཛད་པའི་མཐར། རབ་བྱུང་བཅུ་གཉིས་པའི་ས་ཡོས་ ༡༦༩༩ ལོའི་བོད་ཟླ་དགུ་པའི་ཚེས་གཅིག་ལ། ངོ་མཚར་བའི་ལྟས་བཅས་ཞི་བ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །སྐུ་གདུང་ཞུགས་འབུལ་སོགས་འདས་རྗེས་ཀྱི་བྱ་བ་ཕལ་ཆེར་རྗེ་འཛི་སྒར་གཉིས་པ་དགེ་ལེགས་མཆོག་གྲུབ་བསྟན་འཛིན་གྱིས་བསྒྲུབས་པར་མཛད་དོ། །