85563

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོ་རི་བཞི་པ་མི་ཕམ་བསྟན་འཛིན་ཆོས་ཀྱི་དབང་ཕྱུག་ (1)
Part of speech མིང་ཚིག
Definition གསར་རྩོམ་ལྟར་ན། སྒ་ཡི་གུ་ཚའི་དཔོན་ཆེན་ཚེ་དབང་དགྲ་འདུལ་དང༌། ཡུམ་རྣམ་དཀར་ལྷ་མོ་ཞེས་པའི་སྲས་སུ། རབ་བྱུང་བཅུ་བཞི་པའི་ས་བྱི་ ༡༨༢༨ ལོའི་ཆོ་འཕྲུལ་དུས་ཆེན་ལ་རྟགས་ངོ་མཚར་བསམ་གྱིས་མི་ཁྱབ་པ་དང་བཅས་སྐུ་འཁྲུངས། འོན་ཀྱང་རྗེ་འཛི་སྒར་རིག་འཛིན་རྡོ་རྗེ་དྲག་པོའི་རྣམ་ཐར་དུ། ལོ་རི་སྐུ་གོང་འོག་འདི་གཉིས་ཀ་ངོས་འཛིན་མཛད་པར་བཤད་པས། འདས་འཁྲུངས་ལོ་ཚིགས་ལ་དུས་ཅུང་མི་འགྲིག་པ་སྣང་བས་དཔྱད། སྐུ་ན་ཆུང་ངུའི་དུས་ནས་གུ་ཚའི་ལོ་རྒོད་ཅེས་མངོན་ཤེས་དང་རྫུ་འཕྲུལ་སོགས་ཡ་མཚན་པའི་ལོ་རྒྱུས་མང༌། ཕྱིས་སྡེ་དགེ་དང་གོ་འཇོར་བྱོན་སྐབས་ཤིག་ལ་རྡོ་ལ་བཞག་རྗེས་བཞག་པའང་ད་ལྟར་དངོས་སུ་མཇལ་རྒྱུ་ཡོད་སྐད། མདོར་ན་ཡི་དམ་ལྷ་གྲུབ་པ། སྲུང་མ་བྲན་དུ་ཁོལ་བ། སྡེ་བརྒྱད་དབང་དུ་འདུ་བ་སོགས་གྲུབ་པའི་གོ་འཕང་མཐོན་པོར་ཕེབས་པ་ཞིག་ཡིན་གསུངས་སོ། །དགུང་ལོ་སུམ་ཅུ་པ་མེ་སྦྲུལ་ ༡༨༥༧ ལོར་གཤེགས་སོ། །