85646

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོག་པའི་ཀུན་རྫོབ་ (1)
Part of speech མིང་ཚིག
Definition མདོ། ལོག་པའི་ཀུན་རྫོབ་ནི་འཁྲུལ་ཤེས་ལ་སྣང་བ་ཐ་སྙད་དུའང་དོན་བྱེད་མི་ནུས་པ་ཟླ་གཉིས་དང་སྐྲ་ཤད་དང་སྒྱུ་མ་ལ་སོགས་པ་མཐའ་དག་གོ ། ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པའི་དགོངས་གསལ་ལས་གསུངས་སོ། ། དབང་པོ་དྲུག་པོ་ཕྱི་ནང་གི་རྐྱེན་གྱིས་བསླད་པ་སྐྱོན་ལྡན་ལས་བྱུང་པའི་ཤེས་པའོ། །འཁྲུལ་རྒྱུའི་སྐྱོན་དང་ལྡན་པའི་དབང་པོ་ལས་བྱུང་བ་ཅན་གྱི་ཤེས་པ་རྣམས་ལོག་པའི་ཤེས་པར་འདོད་དོ། །གཟུགས་བརྙན་ལ་སོགས་པ་དབང་པོ་བསླད་པ་ལས་བྱུང་བའི་ཤེས་པ་རྣམས་ཀྱིས་བཟུང་བ་གང་ཡིན་པ་དེ་ནི་འཇིག་རྟེན་ཉིད་ལས་ལོག་པ་རྣམ་པར་བཞག དེ་དག་ལས་འཇིག་རྟེན་པ་དག་བདེན་པར་མངོན་པར་ཞེན་པ་མེད་པས། བླང་དོར་གྱི་ཡུལ་དུ་ཐ་སྙད་བྱེད་པ་མེད་པའི་ཕྱིར་རོ། །ཡུལ་རྫུན་པའི་དཔེ་བརྗོད་ནི། གནས་ལུགས་ལ་རྨོངས་པའི་མི་ཤེས་པའི་གཉིད་མཐུག་པོས་རབ་ཏུ་བསྐྱོད་ཅིང་བརླབས་པར་བྱས་པའི་ཕྱི་དང་ནང་གི་མུ་སྟེགས་ཅན་རྣམས་ཀྱིས་རང་གི་གཞུང་ལུགས་དག་ཏུ་བདག་དང་། གཙོ་བོ་དང་། དབང་ཕྱུག་དང་། རྡུལ་ཕྲན་དང་། ཀུན་གཞི་ལ་སོགས་བདག་ཉིད་ཇི་ལྟ་བ་བཞིན་བརྟག་པ་དང་དབང་པོ་བསླད་པའི་སྣང་བ་སྒྱུ་མ་དང་སྨིན་རྒྱུ་ལ་སོགས་པ་ལ་ཕྱི་རོལ་ཏུ་ཀུན་བརྟགས་གང་ཡིན་པ་དེ་དག་ནི་འཇིག་རྟེན་གྱི་ཐ་སྙད་ལས་ཀྱང་ཡོད་པ་མ་ཡིན་ཏེ་འཇིག་རྟེན་པ་དག་དེ་དག་གི་སྒོ་ནས་ཐ་སྙད་བྱེད་པ་མེད་པའི་ཕྱིེར་རོ། །ཞེས་རྗེ་བཙུན་རེད་མདའ་བའི་འཇུག་པའི་རྣམ་བཤད་ལས་གསུངས་སོ། ། གློ་བུར་གྱི་འཁྲུལ་རྒྱུས་གནོད་པ་དང་བཅས་པའི་མཐོང་བ་བརྫུན་པའི་ངོར་བདེན་པའོ། །མཚན་གཞི་ནི། དབང་པོ་དྲུག་གློ་བུར་གྱི་སྐྱོན་དང་ལྡན་པའི་ཤེས་པ་ཡུལ་དང་བཅས་པའོ། །དེའང་ཡུལ་སྐྲ་ཤད་ལོག་པའི་ཀུན་རྫོབ་ཡིན་ན། ཡུལ་ཅན་སྐྲ་ཤད་སྣང་བའི་བློ་དེའང་ལོག་པའི་ཀུན་རྫོབ་ཡིན་ཞེས་དམིགས་ཡུལ་གྱི་སྒོ་ནས་ཁས་བླངས་པ་ཡིན་གྱི་གང་ཟག་གི་བདག་དེ་ལོག་པའི་ཀུན་རྫོབ་ཡིན་ན་གང་ཟག་གི་བདག་འཛིན་ལོག་པའི་ཀུན་རྫོབ་ཡིིན་ཞེས་འཛིན་སྟངས་ཀྱི་སྒོ་ནས་ཁས་བླངས་པ་ནི་མ་ཡིན་ཏེ། གང་ཟག་གི་བདག་འཛིན་ལྷན་སྐྱེས་ལ་དམིགས་ཡུལ་གང་ཟག་ཡང་དག་ཀུན་རྫོབ་ཡིན་པས་ཡུལ་ཅན་བདག་འཛིན་ལྷན་སྐྱེས་དེའང་ཡང་དག་ཀུན་རྫོབ་ཏུ་ཁས་ལེན་དགོས་པའི་ཕྱིར་དང་། གང་ཟག་གི་བདག་འཛིན་ཀུན་བརྟགས་ལ་དམིགས་ཡུལ་གྲུབ་མཐས་སྒྲོ་བཏགས་པའི་གང་ཟག་ལོག་པའི་ཀུན་རྫོབ་ཡིན་པས་ཡུལ་ཅན་བདག་འཛིན་ཀུན་བརྟགས་དེའང་ལོག་པའི་ཀུན་རྫོབ་ཏུ་ཁས་ལེན་དགོས་པའི་ཕྱིར་རོ། །དབུ་མའི་རིགས་པས་དགག་པར་བྱ་བའི་སེམས་ཙམ་པ་མན་ཆད་ཀྱི་གྲུབ་མཐས་བཏགས་པའི་བཟུང་འཛིན་གཉིས་སྟོང་ཤེས་པ་བདེན་པར་གྲུབ་པ་སོགས་ལ་ལོག་པའི་ཀུན་རྫོབ་ཏུ་ལུགས་འདི་ལ་ཁས་ལེན་དགོས་པར་སྣང་ངོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:ལོག་པའི་ཀུན་རྫོབ་

|; |@@@ | | }}

ལོག་པའི་ཀུན་རྫོབ་ (2)
Part of speech མིང་ཚིག
Definition རང་ཉིད་བདེན་མེད་དུ་ཚད་མས་མ་ངེས་པར། རང་ཉིད་སྣང་བ་ལྟར་དུ་མ་གྲུབ་པར་ཚད་མས་ངེས་ནུས་པའི་ཀུན་རྫོབ་བདེན་པ། མཚན་གཞི་ནི། སྒྲ་སྙན། གཟུགས་སྙན། རྨི་ལམ་གྱི་མི། དོན་སྤྱི་རྣམས་ལྟ་བུ།

{{#arraymap:ལོག་པའི་ཀུན་རྫོབ་

|; |@@@ | | }}

ལོག་པའི་ཀུན་རྫོབ་ (3)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག ལོག་པའི་ཀུན་རྫོབ་ནི། ཀུན་རྫོབ་ཀྱི་དབྱེ་བ་གཉིས་ལས་གཉིས་པ་སྟེ། འཁྲུལ་བས་བསླད་པའི་མ་དག་འཁོར་བའི་སྣང་བ་ཇི་སྙེད་པ་མཐའ་དག་གོ ། དེ་ཡང་། ཡིད་ཀྱི་མུན་སེལ་ལས། གཉིས་པ་ནི། འཁོར་བའི་འཁྲུལ་སྣང་ཇི་སྙེད་པ་ཐམས་ཅད་དེ། (གསང་སྙིང་)འདི་ཉིད་ལས། དེ་ལ་ལོག་རྟོག་སྒྱུ་མ་ནི། །ཆོས་དང་བདག་དང་དངོས་པོ་རྣམས། །ངོ་བོ་ཡོད་སོགས་རྟོག་པ་ལས། །རྟོགས་པ་སྒྱུ་མའི་ཀློང་གྱུར་པས། །སྐྱེས་ཀྱང་མི་བདེན་བསླུ་བ་གྲུབ། །ཅེས་སོ། །

{{#arraymap:ལོག་པའི་ཀུན་རྫོབ་

|; |@@@ | | }}