85700

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོག་འཚོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འོ་ན་ལོག་འཚོ་དེ་དག་ལས་ལོགས་སུ་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་སྟོན་པ་ལ། ལུས་དང་ངག་ལས་ཆགས་ལས་སྐྱེས། །ལོག་འཚོ་སྦྱང་དཀའི་ཕྱིར་ལོགས་ཤིག།།བསྟན་ཏོ་གལ་ཏེ་ཡོ་བྱད་ལ། །ཆགས་བསླངས་མདོ་དང་འགལ་ཕྱིར་མིན། །ཞེས་སོགས་ཚིག་བཅད་གཅིག་བྱུང་། དེའི་རྒྱུ་མཚན་ཡོད་དེ། ལོག་འཚོ་ནི་ལུས་ངག་གི་ཆགས་པ་ལས་སྐྱེ་ཞིང་དེ་ཉིད་སྦྱང་དཀའ་བས་དེ་ལྟར་བསྟན་པའི་ཕྱིར། དེ་འབའ་ཞིག་ཏུ་མ་ཟད་ཆགས་པ་གླུ་གར་སོགས་བྱེད་པ་ཡང་ལོག་འཚོར་མདོ་ནས་བཤད་པའི་ཕྱིར།
Domain ཆོས་ལུགས།