85714

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོག་ཤེས་ཀྱི་གཞན་སེལ་ (1)
Part of speech མིང་ཚིག
Definition སེལ་ངོར་གཞལ་བྱ་རང་མཚན་འཛིན་པའི་རྟོག་པ་ལོག་ཤེས་ཀྱི་ཡུལ་དུ་སོང་ཚོད་དེ་མི་བདེན་པ་ལོག་ཤེས་གཞན་སེལ་གྱི་མཚན་ཉིད། མཚན་གཞི་ནི། ནམ་མཁའ་དངོས་པོར་འཛིན་པའི་ལོག་ཤེས་ཡུལ་ལྟ་བུའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། ། མི་བདེན་པ་ལོག་ཤེས་ཀྱི་གཞན་སེལ་ནི། རྟོག་ངོར་ཡུལ་གྱི་གནས་ཚུལ་བཅད་པའི་སྒོ་ནས་གནས་ཚུལ་དང་མི་མཐུན་པར་སྣང་བའི་སྒྲོ་བཏགས་ཏེ། སྒྲ་རྟག་འཛིན་རྟོག་པ་ལ་སྒྲ་མི་རྟག་པ་བཅད་པའི་སྒོ་ནས་སྒྲ་རྟག་པར་སྣང་བ་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།