85725

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོག་སྲེད་ཅན་གྱི་གདུལ་བྱ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་སྐུ་བཞིའི་སྟོན་པས་གདུལ་བྱའི་སྣོད་བཞིར་མཚོན་པའི་ཚིག་བཞི་སྟོན་པའི་སྐབས་ཀྱི་གདུལ་བྱ་སྣོད་བཞིའི་ཡ་གྱལ་ཞིག་སྟེ། ལོག་པའི་ལྟ་སྤྱོད་ལ་དགའ་ཞིང་སྲེད་པའི་སྣོད་མུ་སྟེགས་ཀྱི་རིགས་ཅན་ལྟ་བུ་བྱིས་པའི་གདུལ་བྱ་ཡིན་ཕྱིར་ལོག་སྲེད་ཅན་གྱི་གདུལ་བྱ་ཞེས་བྱ། དེ་ནི་སྟོན་པ་སྤྲུལ་སྐུའི་བསྟན་པ་ལྟར་ལྡེམ་དགོངས་སམ་བཀྲི་དྲང་བརྒྱུད་པའི་ཚིག་གིས་རྒྱུའི་ཐེག་པ་ནས་ཁྲིད་ཅིང་དྲང་བས་འདུལ་བར་བྱེད་པའོ། །
Domain ཆོས་ལུགས།