85778
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་ལྔ་པ་མཐར་ཕྱིན་པ་འབྲས་བུའི་རིམ་པ་ལས་བྱུང་བ་སྟེ། རྣམ་སྣང་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཙོ་ལ། གཞན་བཞི་འཁོར་དུ་ཡོད་པ། མི་བསྐྱོད་པ་ལ་མེ་ལོང་ཡེ་ཤེས་གཙོ་བོ། རིན་འབྱུང་ལ་མཉམ་པ་ཉིད། འོད་དཔག་མེད་ལ་སོ་སོར་རྟོག་པ། དོན་གྲུབ་ལ་བྱ་བ་གྲུབ་པའི་ཡེ་ཤེས་གཙོ་བོ་ལ། ལྷག་མ་བཞི་བཞི་འཁོར་དུ་ཡོད་པས་ཡེ་ཤེས་ཉི་ཤུ་རྩ་ལྔ་དང་དེ་ལས་ཕྱེ་ན་དཔག་ཏུ་མེད་ལ། བསྡུ་ན་རྣམ་པ་ལྔར་བསྡུས་སོ། ། |
| Domain | ཆོས་ལུགས། |