85789

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོངས་སྐུའི་ཡེ་ཤེས་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ལོངས་སྐུའི་ཡེ་ཤེས་ལྔ་ནི། བརྟེན་པ་ཡེ་ཤེས་གསུམ་གྱི་ཡ་གྱལ་ལས་གཉིས་པ་སྟེ། ཆོས་སྐུའི་ཡེ་ཤེས་ཟབ་ཅིང་སྤྲོས་པ་དང་བྲལ་བས་དབྱེ་བ་འབྱེད་རྒྱུ་མེད་ཅིང་། སྤྱིར་ཡེ་ཤེས་ལྔ་ནི་ལོངས་སྐུའི་བདག་ཉིད་དུ་གསུངས་ཏེ། ཡིད་ཀྱི་མུན་སེལ་ལས། ལོངས་སྐུའི་ཡེ་ཤེས་ལྔ་སྟེ། སྟོང་ཉིད་བསམ་ངོ་ལས་འདས་པ་ཇི་ལྟ་བའི་གནས་ལུགས་ཀྱི་ངང་ལ་བཞུགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། རང་གསལ་འགགས་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས། ཆོས་ཐམས་ཅད་ལྷུན་མཉམ་རྫོགས་པ་ཆེན་པོའི་ངང་ལས་མི་གཡོ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས། ཆོས་ཅན་ཇི་སྙེད་པ་མངོན་དུ་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས། གདུལ་བྱའི་དོན་གཉིས་འབད་མེད་དུ་རྫོགས་པ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། རྒྱུད་བླ་མ་ལས། ཡེ་ཤེས་ཆེན་པོ་ལྔ་རྣམས་ཀྱང་། །ལྷུན་མཉམ་ངང་ལས་མི་གཡོ་ཞིང་། །ཞེས་སོ། །ཞེས་གསུངས་སོ། །
Domain ཆོས་ལུགས།