From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ལོངས་སྤྱོད་རྫོགས་པའི་སྐུ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། སངས་རྒྱས་ཀྱི་སྐུའི་བྱེ་བྲག་ཅིག་སྟེ། ཆོས་སྐུ་ལས་མ་གཡོས་པར་གདུལ་བྱ་བྱང་སེམས་འཕགས་པ་ཁོ་ན་ལ་སྣང་བའི་སྐུ་གང་ཞིག་སྤྲུལ་སྐུའི་འཆར་གཞིར་གྱུར་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ལ་བྱའོ། །
|
| Domain
|
ཆོས་ལུགས།
|
ལོངས་སྤྱོད་རྫོགས་པའི་སྐུ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག རྙིང་མ། ལོངས་སྤྱོད་རྫོགས་པའི་སྐུ་ནི་སྐུ་གསུམ་གྱི་ཡ་གྱལ་སྤྲུལ་སྐུའི་འཆར་གཞི་སྟེ། ཕྱོགས་བཅུའི་མུན་སེལ་ལས། ལོངས་སྤྱོད་རྫོགས་པའི་སྐུ་ནི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་གཏེར་དུ་གྱུར་པ་སྟེ། ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར། །ཞེས་སོ། །ཞེས་དང་། ཆོས་ཀྱི་སྐུ་སྤྲོས་པའི་མཐའ་དང་བྲལ་བ་ནི་འགྱུར་བ་མེད་པའི་ཡོངས་གྲུབ་སྟེ་སྐྱེ་ཤི་མེད་པའི་ཆོས་ཉིད་གཡུང་དྲུང་སྟེ་རྟག་པའི་སྐུ་ལྷུན་གྱིས་གྲུབ་པའོ། །དེ་ཉིད་ཀྱི་ངང་ལས་ལོངས་སྐུར་ཤར་བའི་བྱིན་རླབས་ལས་རང་བྱུང་བ་ཉོན་མོངས་པའི་སེམས་ཅན་ཀུན་གྱི་གདུལ་ཞིང་དུ་གང་ལ་གང་འཚམ་པའི་སྤྲུལ་སྐུ་གནས་ཏེ་དོན་མཛད་པའོ། །སྤྲུལ་སྐུའི་འཆར་གཞི་དེ་ཉིད་ཡོན་ཏན་གྱི་ཚོགས་ཟད་མི་ཤེས་པའི་རང་བཞིན་ལྷུན་སྟུག་པོ་བཀོད་པའི་ལོངས་སྤྱོད་ཀུན་གྱི་གཏེར་དུ་འགྱུར་བ་ནི་ལོངས་སྐུའོ། །ཞེས་གསུངས་སོ། །
|