85819

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་རྣམ་པ་བདུན་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། དེ་བཞིན་གཤེགས་པའི་ཡང་དག་པར་ལོངས་སྤྱོད་པའི་སྐུའི་སེམས་འབྱུང་བའི་མཚན་ཉིད་བསྟན་པ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་བྱེ་བྲག་གི་མཚན་ཉིད་བསྟན་པ། མངོན་པར་རྫོགས་པའི་བྱང་ཆུབ་པ་ལ་སོགས་པ་རྣམ་པ་གསུམ་གཉིས་སུ་མེད་པའི་མཚན་ཉིད་བསྟན་པ། དེ་བཞིན་གཤེགས་པ་སེམས་ཅན་གྱི་དམིགས་པ་མཛད་པའི་བྱེ་བྲག་བསྟན་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང༌། ཐེག་པ་གཉིས་ཀྱི་རྣམ་པར་གྲོལ་བའི་ལུས་ཀྱི་བྱེ་བྲག་བསྟན་པ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་བྱིན་གྱིས་རླབས་ཀྱི་མཐུས་སེམས་ཅན་གྱི་ལུས་ཡོངས་སུ་འཛིན་པར་བསྟན་པ། ཞིང་ཡོངས་སུ་དག་པ་ན་དངོས་པོ་གང་དག་རྙེད་དཀའ་བ་དང༌། གང་དག་ཡོད་པའི་མཚན་ཉིད་བསྟན་པའོ། །
Domain ཆོས་ལུགས།