85820

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོངས་སྤྲུལ་མུ་བཞི་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གསེར་འོད་ལས་ལོངས་སྤྲུལ་གཉིས་ལ་མུ་བཞི་གསུངས་པའི་དོན་ནི། སྤྲུལ་པའི་སྐུ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་མིན་པ་ནི། མཆོག་གི་སྤྲུལ་པའི་སྐུ་ལས་གཞན་པའི་སྤྲུལ་པའི་སྐུ་རྣམས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ་སྤྲུལ་པའི་སྐུ་མ་ཡིན་པ་ནི། གསེར་འོད་ལས། སའི་སྔ་རོལ་པའི་སྐུའོ། །ཞེས་པའི་དོན། སངས་རྒྱས་ཀྱི་ས་ཡིན་ལ། དེའི་སྔ་རོལ་པ་ནི་ས་བཅུ་པ་པ་ཡིན་པས། དེ་ལ་སྣང་བའི་གཟུགས་སྐུ་སྟེ། མདོ་འདིར་གཟུགས་ཀྱི་སྐུ་ནི་གདུལ་བྱའི་སྣང་བ་ཁོ་ན་ལ་འཇོག་པའི་སྐབས་ཡིན་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན་པ་ནི། གསེར་འོད་ལས། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་སྐུའོ། །ཞེས་གསུངས་པ་ལྟར། མཆོག་གི་སྤྲུལ་སྐུ་ལྟ་བུའོ། །སྤྲུལ་པའི་སྐུ་ཡང་མ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་མ་ཡིན་པ་དེ་ནི། ངོ་བོ་ཉིད་ཀྱི་སྐུ་ལྟ་བུའོ། །ཞེས་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་ལས་སོ། །
Domain ཆོས་ལུགས།