85853
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་ལྐུག་པ་ལུག་གི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། ལྐུག་པ་ལུག་གི་བརྟུལ་ཞུགས་ཀྱིས། །གཏི་མུག་བཞིན་དུ་ཤེས་རབ་ལྡན། །ཞེས་དང་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཕག་གམ་ལུག་ནི་ཡིད་ཀྱི་མུན་པ་གཏི་མུག་ཆེ་བས་བླུན་ཞིང་ལས་གདོང་ཚུགས་སུ་བྱེད་པ་ལྟར་རྣལ་འབྱོར་པས་ལྐུག་པའི་བློ་ཡི་ཚུལ་དང་ལྡན་པས་སྔགས་དང་ཕྱག་རྒྱ་གཞན་ལ་མི་སྟོན་ཅིང་གང་ལའང་རིས་སུ་མི་འབྱེད་པར་མཐར་ཕྱིན་པར་བྱེད་པ་མཉམ་པའི་བརྟུལ་ཞུགས་ཏེ། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |