85960

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྔ་ཕྲུགས་ཉེར་གཅིག་གི་བསྡུ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། ལྔ་ཕྲུགས་ཉེར་གཅིག་པོ་བསྡུ་ན་གྲངས་གཉིས་སུ་འདུ་བའི་ཚུལ་སྟོན་པ་ལ་ཟེར། དེའི་ཚུལ་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་ཡང་ལྔ་ཕྲུགས་ཉེར་གཅིག་བཤད་པ་རྣམས་བསྡུ་ན་གཉིས་སུ་ཡང་འདུ་སྟེ། ལྔ་པ་ཁྱད་པར་ཅན་དང་། ཁྱད་པར་ཅན་མ་ཡིན་པ་གཉིས་སུ་འདུ་བའི་ཕྱིར་ཏེ། དང་པོ་བཅུ་བདུན་དང་པོ་དང་། ལྷག་མ་བཞི་གཉིས་པར་འདུ་བའི་ཕྱིར། ལྔ་པ་ཁྱད་པར་ཅན་ཡིན་མིན་གྱི་དོན་ཡོད་དེ། སྡེ་སྣོད་གསུམ་ཤེས་ཀྱི་ཡོན་ཏན་ཡན་ལག་ཏུ་ལྡན་པའི་ལྔ་པ་དེ་དང་པོ་དང་། འདུལ་བ་རྐྱང་པ་ཤེས་པའི་ཡོན་ཏན་ཡན་ལག་ཏུ་ལྡན་པ་དེ་གཉིས་པ་ཡིན། འོ་ན། དྲན་སོགས་གསུམ་གྱི་ལྔ་པའི་ཡན་ལག་ཏུ་སྡེ་སྣོད་གསུམ་ཤེས་ཀྱི་ཡོན་ཏན་ཇི་ལྟར་ལྡན་ཞེ་ན། ལྡན་པ་ཡིན་ཏེ། དེ་གསུམ་གྱི་ཡན་ལག་ཏུ་གྱུར་པའི་མང་དུ་ཐོས་པ་དེ། སྡེ་སྣོད་གསུམ་གྱི་ཚིག་དོན་མང་དུ་ཐོས་པ་ལ་བྱེད་རིགས་པའི་ཕྱིར། ཡང་ལྔ་ཕྲུགས་དེ་རྣམས་རྟེན་གྱི་སྒོ་ནས་གཉིས་སུ་འདུ་སྟེ། འཕགས་པ་ཁོ་ནའི་ལྔ་པ་དང་། སྐྱེ་འཕགས་ཐུན་མོང་བའི་ལྔ་པ་གཉིས་སུ་འདུ་བའི་ཕྱིར། དེ་གཉིས་ཀྱི་ངོས་འཛིན་ཡོད་དེ། བསླབ་པ་གསུམ་ལ་སློབ་པའི་ལྔ་པ། དེ་གསུམ་ལ་སློབ་ཏུ་འཇུག་པའི་ལྔ་པ། ཕུན་ཚོགས་འོག་མའི་ལྔ་པ། སློབ་པའི་ལྔ་པ། མི་སློབ་པའི་ལྔ་པ་རྣམས་དང་པོ་དང་། གཞན་རྣམས་གཉིས་པ་ཡིན་པའི་ཕྱིར། ཡང་ལྔ་ཕྲུགས་རྣམས་ལྔ་པ་རང་དབང་ཅན་ཡིན་མིན་གཉིས་སུ་འདུ་སྟེ། རང་ཉིད་རྒྱུད་ལ་ལྡན་པ་ལ་ལྔ་ཕྲུགས་གཞན་རྒྱུད་ལ་ལྡན་མི་དགོས་པའི་ལྔ་པ་དང་། ལྡན་དགོས་པའི་ལྔ་པ་གཉིས་སུ་འདུ་བའི་ཕྱིར། དེ་གཉིས་ཀྱི་ངོས་འཛིན་ཡོད་དེ། སྡེ་སྣོད་གསུམ་གསལ་བའི་ལྔ་པ། སྡེ་སྣོད་གསུམ་འཛིན་དུ་འཇུག་པའི་ལྔ་པ། བསླབ་པ་གསུམ་ལ་སློབ་ཏུ་འཇུག་ནུས་པའི་ལྔ་པ། འདུལ་བ་ལ་སློབ་ཏུ་འཇུག་ནུས་པའི་ལྔ་པ་རྣམས་གཉིས་པ་དང་། གཞན་རྣམས་དང་པོ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།