85976

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྔ་བརྒྱ་པ་ཕྲག་བཅུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པའི་གནས་ཚད་ལོ་ལྔ་སྟོང་དེ་བཅུར་བགོས་ཏེ་ལོ་ལྔ་བརྒྱ་པ་ཕྲག་བཅུ་དང་། དེ་ཡང་ལྔ་བརྒྱ་པ་ཕྲག་དང་པོ་གསུམ་འབྲས་བུའི་ལེའུ་གསུམ་སྟེ་དགྲ་བཅོམ་པའི་ལེའུ། ཕྱིར་མི་འོང༌གི་ལེའུ། རྒྱུན་ཞུགས་ཀྱི་ལེའུ། དེ་ནས་ལྔ་བརྒྱ་པ་གསུམ་སྒྲུབ་པའི་ལེའུ་གསུམ་སྟེ་ཤེས་རབ་ཀྱི་ལེའུ། ཏིང་ངེ་འཛིན་གྱི་ལེའུ། ཚུལ་ཁྲིམས་ཀྱི་ལེའུ། དེ་ནས་ལྔ་བརྒྱ་པ་གསུམ་ལུང་གི་ལེའུ་གསུམ་སྟེ་མངོན་པའི་ལེའུ། མདོ་སྡེའི་ལེའུ། འདུལ་བའི་ལེའུ། དེ་ནས་ལྔ་བརྒྱ་པ་ཐ་མ་རྟགས་ཙམ་འཛིན་པའི་ལེའུ་སྟེ་ལྔ་བརྒྱ་པ་ཕྲག་བཅུ་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་ལ་ལོ་ལྔ་བརྒྱ་ཕྲག་བཅུར་ཕྱེ་བའི་ལྔ་བརྒྱ་ཕྲག་དང་པོ་གསུམ་ལ་འབྲས་བུའི་ལེའུ་སྟེ་རིམ་པ་བཞིན་དགྲ་བཅོམ། ཕྱིར་མི་འོང༌། རྒྱུན་ཞུགས་རྣམས་མང་དུ་འབྱུང་བས་དེ་དང་དེའི་དུས་ཀྱི་ལེའུ་གསུམ་དང༌། དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ་སྒྲུབ་པའི་ལེའུ་སྟེ་རིམ་པ་བཞིན་ལྷག་པའི་ཤེས་རབ། ཏིང་ངེ་འཛིན། ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པ་མང་དུ་འབྱུང་བས་དེ་དང་དེའི་དུས་ཀྱི་ལེའུ་གསུམ་དང༌། དེ་ནས་ལྔ་བརྒྱ་པ་ཕྲག་གསུམ་ལ་ལུང་གི་ལེའུ་སྟེ་རིམ་པ་བཞིན་མངོན་པ། མདོ་སྡེ། འདུལ་བའི་སྡེ་སྣོད་འཛིན་པ་མང་དུ་འབྱུང་བས་དེ་དང་དེའི་དུས་ཀྱི་ལེའུ་གསུམ་དང༌། དེ་ནས་ལྔ་བརྒྱ་ཕྲག་བཅུ་པ་ལ་ནི་རྟགས་ཙམ་འཛིན་པའི་དུས་ཀྱི་ལེའུ་སྟེ། གསུང་རབ་རྣམས་ལས་ལྔ་བརྒྱ་ཐ་མ་པའི་དུས་ཞེས་པའང་དེ་ཉིད་ཡིན་ལ། དེའི་ཚེ་འཛམ་བུ་གླིང་པའི་མི་རྣམས་ཚེ་ལོ་ལྔ་བཅུ་པར་འགྱུར་ཞིང༌། དེ་ནས་རིམ་གྱིས་སྟོན་པ་འདི་ཉིད་ཀྱི་དམ་པའི་ཆོས་ནུབ་པར་འགྱུར་བ་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།