86010

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྕགས་ (1)
Part of speech མིང་ཚིག
Definition རྡོ་བའི་རིགས་ཤིག་མེ་ལ་བཞུས་ནས་བྱུང་བའི་སྲ་ཞིང་འཐས་པ་མཉེན་ཆ་དང་ལྡན་པའི་དངོས་པོ་མདོག་ནག་སྐྱ་ཅན་ཞིག་སྟེ། ཡོ་བྱད་སྣ་ཚོགས་བཟོ་ཆོག་པས་བཀོལ་ས་ཧ་ཅང་ཁྱབ་ཆེ། རླན་དང་ཕྲད་ན་བཙའ་འཆག་སླ། རོ་སྐྱུར། ཞུ་རྗེས་བསིལ། ནུས་པས་མཆིན་ནད་དང༌། མིག་ནད། དུག་ཚད། སྐྱ་རྦབ་སོགས་ལ་ཕན།
Keyword True
Example ལྕགས་ཀྱི་ཉལ་ཁྲི། ལྕགས་ཀྱི་ཐོ་བ། ལྕགས་ཀྱི་ཁང་པ་ལྟ་བུ།
Synonyms གར་བུ། གོང་བུ། ངར་འཐུང་། གཅོད་བྱེད། ལྕགས་བཟང་ངར་ལྡན། སྟོབས་པོ་ཆེ། སྟོབས་མང་། རྡོའི་སྙིང་པོ། ནག་པོ། རྣོ། རྣོན་པོ། ཚེ་འཕྲོག གསོད་བྱེད། མཚོན་ཆ་སྣ། རི་ཡི་སྙིང་པོ། ལོ་ཧ། ཤིང་གི་དགྲ། གསེར་གྱི་དགྲ།
ལྕགས་ (2)
Part of speech མིང་ཚིག
Definition འབྱུང་བ་ལྔའི་ཡ་གྱལ་ཞིག་སྟེ།
Example ལོ་ཁམས་ལྕགས། ལྕགས་དགྲ་མེ། ཆུ་མ་ལྕགས་ཞེས་པ་ལྟ་བུ།
Domain རྩིས་རིག