86102
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ལྕགས་འདྲའི་འཁྲུལ་འཁོར་ནི། གཅོད་པའི་འཁོར་ལོ་གཉིས་ཀྱི་ཡ་གྱལ་སྟེ། འཁོར་ལོ་རྣམ་བཞིའི་ནང་གསེས་གཅོད་པའི་འཁོར་ལོའི་བྱེ་བྲག་ཅིག་ཡིན། དེ་ཡང་། བཀའ་བརྒྱད་རྣམ་བཤད་ལས། དེ་ཡང་གཅོད་པའི་འཁོར་ལོ་ནི་ཡ་མཱནྟ་ཀའི་ཕྱག་མཚན་གྱི་ཕྲིན་ལས་སུ་བཤད་ལ། རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་ལེན་པའི་ཚེ་ན་འཁྲུལ་འཁོར་ལ་བརྟེན་ནས་ལས་སྒྲུབ་པ་དེ་ལ་གཅོད་པའི་འཁོར་ལོར་བཤད་པའི་ཕྱིར། དེ་ལྟ་བུའི་འཁོར་ལོ་ལ་གཉིས་ཏེ། ཐོག་འདྲ་དང་། ལྕགས་འདྲ་གཉིས། ཞེས་དང་། གཉིས་པ་ལྕགས་ཀྱི་མཚོན་སྣ་ཚོགས་རྡེག་པ་ལྟར། སྔགས་མང་པོ་ལས་གཅིག་མ་གྲུབ་བར་དུ་ཡང་ཡང་བརྡེག་པ་སྟེ། རྡོ་སྒྱོགས་ཆེན་མོ་དང་འདྲའོ། །ལྕགས་འདྲའི་འཁྲུལ་འཁོར་ལ། འཁྲུལ་འཁོར་དང་། འཁོར་ལོ་ཉི་མ་བཞི་པ་རྐྱང་པར་བསྐོར་བའོ། །ཞེས་ནང་གསེས་ཀྱི་དབྱེ་བ་དང་བཅས་གསུངས། |
| Domain | ཆོས་ལུགས། |