86189
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་བ་རབ་བྱུང་བཅུ་བདུན་པའི་ལྕགས་སྤྲེལ་ཕྱི་ལོ་༡༩༨༠ལོར། དགོན་ལུང་རྟ་རྫི་ལུང་ཁོང་ཁོ་ཤར་ཞེས་པའི་གྲོང་ཚོར། ཡབ་ནོར་བུ་དོན་འགྲུབ་དང་ཡུམ་ཨལ་བོན་མཁར་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་དགོན་ལུང་གི་ཆོས་སྒོར་ཞུགས། ཕྱི་ལོ་༡༩༩༨ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ། འབྲས་སྤུངས་སྒོ་མང་དུ་ཆོས་ཞུགས་མཛད། ༸གོང་ས་མཆོག་གིས་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། ཀླུ་འབུམ་ཡོངས་འཛིན་རིན་པོ་ཆེ་དང་བྱ་བྲལ་དགེ་བཤེས་འཇིགས་མེད་རྣམ་གཉིས་བསྟེན་ནས། གཞུང་ཆེན་བཀའ་པོད་ལྔར་དཔྱིས་ཕྱིན་པར་སྦྱངས། ད་ལྟ་སྐུ་གོང་མའི་རྣམ་ཐར་བདག་གིར་བཞེས་ཏེ་འཚོ་ཞིང་བཞེས་པ་འདིའོ། ། |