86280
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྨད་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བའི་ལེའུ་སོ་གཅིག་པ་ལས་བྱུང་བ་སྟེ། ༡ རླུང་ལས་གྱུར་པའི་ལྕེ་ནད་ནི། ཁ་ཟས་ཀྱི་རོ་མི་ཚོར་ཞིང་སློ་སློ་པར་གྱུར་པ་དང་། འགགས་པ་དང་། ཤིང་ཨ་ཤ་ཀའི་ལོ་མ་བཞིན་དུ་དམར་བ་རྣམས་ཡིན་ནོ། །༢ མཁྲིས་པ་ལས་གྱུར་པའི་ལྕི་ནད་ནི། ལྕེ་རྩུབ་ཅིང་ཚ་བ་འུར་འུར་པོར་འདུག་ཅིང་ཙག་ཙག་ཚ་བ་ཡིན་ནོ། །༣ བད་ཀན་ལས་གྱུར་པའི་ལྕེ་ནད་ནི། ལྕེ་རིལ་གྱིས་སྟུག་པོ་བེམ་བེམ་པོར་འདུག་པ་ཡིན་ནོ། ། |
| Domain | གསོ་རིག |