86455
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་མངོན་པ་ཀུན་ལས་བཏུས་པ་ལས་བྱུང་བ་སྟེ། ༡ མཚན་མར་ལྟ་བ། ༢ བཏགས་པ་ལ་སྐུར་པ་འདེབས་པའི་ལྟ་བ། ༣ ཀུན་ཏུ་རྟོག་པ་ལ་སྐུར་པ་འདེབས་པའི་ལྟ་བ། ༤ དེ་ཁོ་ན་ལ་སྐུར་བ་འདེབས་པའི་ལྟ་བ། ༥ ཡོངས་སུ་འཛིན་པའི་ལྟ་བ། ༦ བསྒྱུར་བའི་ལྟ་བ། ༧ ཁ་ན་མ་ཐོ་བ་མེད་པར་ལྟ་བ། ༨ ངེས་པར་འབྱུང་བར་ལྟ་བ། ༩ དཔའ་ཟ་བའི་ལྟ་བ། ༡༠ རབ་ཏུ་འཁྲུག་པའི་ལྟ་བ། ༡༡ ཕྱིན་ཅི་ལོག་ཏུ་ལྟ་བ། ༡༢ འཕེལ་བའི་ལྟ་བ། ༡༣ ཁས་མི་ལེན་པའི་ལྟ་བ། ༡༤ ངན་གཡོའི་ལྟ་བ། ༡༥ བཀུར་སྟིའི་ལྟ་བ། ༡༦ རྨོངས་པ་བརྟེན་པའི་ལྟ་བ། ༡༧ རྩ་བའི་ལྟ་བ། ༡༨ ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ། ༡༩ སྦྱོར་བ་སེལ་བའི་ལྟ་བ། ༢༠ ངེས་པར་འབྱིན་པ་མ་ཡིན་པར་ལྟ་བ། ༢༡ སྒྲིབ་པ་ལ་སོགས་པའི་ལྟ་བ། ༢༢ བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ། ༢༣ འབྲས་བུ་མེད་པའི་ལྟ་བ། ༢༤ ཆད་པས་བཅས་པའི་ལྟ་བ། ༢༥ སྐུར་བ་འདེབས་པའི་ལྟ་བ། ༢༦ བསྙད་པ་མ་ཡིན་པའི་ལྟ་བ། ༢༧ ལྟ་བ་ཆེན་པོ། ༢༨ མངོན་པའི་ང་རྒྱལ་གྱི་ལྟ་བའོ། ། |
| Domain | ཆོས་ལུགས། |