86501

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:56, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྟ་བའི་དམ་ཚིག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གནས་ལུགས་ཀྱི་དོན་ཇི་བཞིན་པར་ཤེས་རབ་ཕྱིན་ཅི་མ་ལོག་པས་རྟོགས་ཤིང་ལྟ་དགོངས་དེ་ལས་མི་འདའ་བར་གནས་པ་ལ་བྱ་སྟེ། འགུ་ཡ་ལས། ལྟ་བས་བལྟ་བའི་དམ་ཚིག་ནི། །རང་བཞིན་ལྷུན་གྱིས་གྲུབ་པ་སྟེ། །དོན་དམ་ཀུན་རྫོབ་གཉིས་མེད་པར། །ལྷུན་གྱིས་གྲུབ་པའི་དམ་ཚིག་ལ། །རིག་པ་ཕྱིན་ཅི་མ་ལོག་པས། །དེ་ཉིད་རབ་ཏུ་རྟོགས་གྱུར་ན། །སྣ་ཚོགས་དངོས་པོའི་ཡུལ་ཉིད་ལ། །སྣང་ཞིང་བརྟགས་པའི་བོན་མེད་པས། །དེ་ལྟ་བུ་ཡི་ངང་ཉིད་ལས། །འདའ་བར་གྱུར་པ་མ་ཡིན་ཏེ། །དེ་ཉིད་ལྟ་བའི་དམ་ཚིག་གོ ། ཞེས་པས། དེ་ཡང་ཐབས་དང་ཤེས་རབ་དོན་དམ་དང་ཀུན་རྫོབ་ལ་སོགས་གཉིས་སུ་སྣང་ཞིང་འཛིན་པ་མེད་པ་ཐམས་ཅད་མཉམ་པ་ཉིད་ཀྱི་བདག་ཉིད་ཆེན་པོར་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་དོན་ལ་རིག་པ་ཕྱིན་ཅི་མ་ལོག་པས་ཀྱང་དེ་བཞིན་དུ་རྟོགས་པར་གྱུར་པའི་ཕྱིར་ན། སྣ་ཚོགས་སུ་སྣང་བའི་བོན་ལ་བརྟག་ཅིང་དཔྱད་བཟོད་ཀྱི་གནས་དངོས་པོར་གྲུབ་པ་གང་དུ་ཡང་མེད་པ་སྟེ། དེ་ལྟ་བུའི་ལྟ་དགོངས་ཀྱི་ངང་ཉིད་ལས་མི་འདའ་བར་སེམས་གནས་པ་ལ་ལྟ་བའི་དམ་ཚིག་ཅེས་བྱའོ། །
Domain [ཆོས་ལུགས།, ལྟ་གྲུབ།]