86612
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟགས་གཞན་བཞི་པར་འདོད་པའི་དཔྱོད་པ་ཅན་ལ་སོགས་པ་ཁ་ཅིག་གིས་རྟགས་ཡང་དག་ལ་གསུམ་དུ་མ་ངེས་པར་རྟགས་ལྟར་སྣང་གི་ཁྱད་པ་གང་ཞིག་རྟགས་ཡང་དག་ཏུ་འདོད་པར་དགག་པའི་གཞུང་ཚིག་ཅིག དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དཔྱོད་པ་ཅན་ལ་སོགས་པ་ཞེས་པའི་སོགས་ཁོང་ནས། བྱེ་བྲག་པ། གྲངས་ཅན་པ། རྒྱང་འཕེན་པ་གསུམ་འདོན་ཞིང་། དང་པོས་སྲོག་ལྡན་གསོན་ལུས་གང་ཟག་གི་བདག་བཅས་སུ་སྒྲུབ་པའི་རྟགས་གཞན་བཞི་པར་འདོད། གཉིས་པས་འདུས་བསགས་མིག་སོགས་བདག་རྟག་པའི་དོན་བྱེད་པར་སྒྲུབ་པར་བྱེད་པའི་རྟགས་གཞན་བཞི་པར་འདོད། གསུམ་པས། ངག་སྨྲ་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་རྟགས་གཞན་བཞི་པར་འདོད་པ་གང་ཞིག ། ཤོ་ལོ་ཀ་དང་པོས་དེ་གསུམ་འགོག གོང་གི་ཁ་ཅིག་གིས་བཀོད་པའི་རྟགས་གསུམ་ཀ་དེ་རྟགས་ལྟར་སྣང་ཡིན་སྟེ། རྟགས་དང་པོ་མ་ངེས་པའི་གཏན་ཚིགས་དང་། རྟགས་གཉིས་པ་འགལ་བའི་གཏན་ཚིགས། རྟགས་གསུམ་པ་ལྷག་ལྡན་མ་ངེས་པའི་གཏན་ཚིགས་སོགས་ཡིན་པས་རྟགས་ཡང་དག་མིན་ནོ། ། |
| Domain | ཚད་མ། |