86618

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:56, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྟས་ངན་ཆེན་མོའི་བག་མ་ (1)
Part of speech མིང་ཚིག
Definition བྱུར་ཐག་ཉི་ཤུའི་ནང་གསེས་ཤིག་སྟེ། བུ་མོ་སུ་ཞིག་རང་ལོ་གནམ་ལོར་ཤར་བ་རང་ཀེག་རྩུབ་པར་ཚུད་དུས་དེར་གནས་ལ་འགྲོ་བའི་བག་མ་ལ་ཟེར་བ་ཡིན། བག་མ་དེ་རིགས་རང་དང་ཁྱོ་ག་གཉིས་ཀར་ངན་པས། སྤྱི་བཅོས་ལ་ཀེག་བཟློག་དང་རིམ་གྲོ་ཆེན་པོ་བྱ་དགོས། བྱེ་བྲག་གི་བཅོས་ནི་བཻ་དཀར་ལས་༼ཡང་ན་བཅུ་གསུམ་ཐོག་འགྲོ་མ། །ངར་གླུད་བཅུ་གསུམ་དར་སྣ་ལྔ། །ཐོད་བཅིངས་དར་སྣས་བརྒྱན་བྱས་ལ། །འབྲུ་ཕུལ་གང་བཅས་དགྲ་ཕྱོགས་བསྐྱལ། །རྩ་ལྔར་མར་མེ་ཉེར་ལྔ་འབུལ། །སཱཙྪ་ཉེར་ལྔ་འདེབས་པ་དང་། །ཟོན་རྡོག་ཉེར་ལྔ་སྟེར་བྱ་ཞིང་། །རྣམ་འཇོམས་ཉི་ཤུ་རྩ་ལྔ་འདོན། །སོ་བདུན་འབུམ་འདོན་ཀླུ་དཀྱིལ་བཞེངས། །མར་མེ་སཱཙྪ་བདུན་བདུན་བྱེད། །ཆུ་ཆེན་ནང་དུ་རྡོ་ཆེན་འཕང་། །མཛེ་ཐོད་དག་ལ་སྲི་མནན་བྱེད། །རང་བུ་གྲོགས་དགྲ་རིམ་བཞིན་བཅོས། །མ་ནི་དཔལ་ཐོབ་ཡིན་པས་དགེ ། ༽ཞེས་གསུངས་པ་ལྟར་བྱ་དགོས།
Domain རྩིས་རིག