From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ལྟས་ཆེན་པོ་བཅོ་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག རྙིང་མ། རུདྲ་འདུལ་བར་དཔལ་ཆེན་ཡབ་ཡུམ་གྱིས་ཆོ་འཕྲུལ་སྤྲོས་པའི་ལྟས་ཆེན་པོ་བཅོ་ལྔ་དེར་ཕྱི་སྣོད་ལྟར་སྦྱར་བའི་ལྟས་བཅོ་ལྔ་སྟེ། ཕྱོགས་བཅུའི་མུན་སེལ་ལས། ཁྲོ་བོའི་སྤྲིན་གྱིས་ནམ་མཁའི་ཁམས་ཀུན་གསལ་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀྱི་ས་དང་རི་དང་གླིང་ཐམས་ཅད་ཆུང་ངུར་གཡོས། འབྲིང་དུ་རབ་ཏུ་གཡོས། ཆེན་པོར་ཀུན་ཏུ་གཡོས་སོ། །འབྲུག་ལ་སོགས་པའི་སྒྲ་སྐད་ཆུང་ངུར་འུར་འུར། འབྲིང་དུ་རབ་ཏུ་འུར་འུར། ཆེན་པོར་ཀུན་ཏུ་རབ་ཏུ་འུར་འུར་རོ། །ལྷའི་རྔ་བོ་ཆེ་ལ་སོགས་པ་རོལ་མོའི་ཚོགས་རྣམས་མ་བརྡུངས་ཀྱང་རང་སྒྲ་ཆུང་ངུར་ཆེམ་ཆེམ། འབྲིང་དུ་རབ་ཏུ་ཆེམ་ཆེམ། ཆེན་པོར་ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །རི་དང་ས་རྡོ་ལ་སོགས་པ་རགས་པའི་དངོས་པོ་འདུས་པ་རྣམས་མ་གྱེས་ཙམ་དུ་ཆུང་ངུར་ཤིག་ཤིག འབྲིང་དུ་རབ་ཏུ་ཤིག་ཤིག ཆེན་པོར་ཀུན་ཏུ་རབ་ཏུ་ཤིག་ཤིག་གོ ། རྒྱ་མཚོ་ལ་སོགས་པའི་རྦ་རླབས་ཆུང་ངུར་འཐོར་འཐོར། འབྲིང་དུ་རབ་ཏུ་འཐོར་འཐོར། ཆེན་པོར་ཀུན་ཏུ་རབ་ཏུ་འཐོར་འཐོར་རོ། །ཆུང་འབྲིང་ཆེ་གསུམ་ནི་ས་འོག་ས་སྟེང་ས་བླ་གསུམ་དུ་བསྟན་པའོ། །དེ་ལྟར་ལྔ་པོ་ལ་གསུམ་གསུམ་གྱི་ལྟས་ཆེན་པོ་བཅོ་ལྔ་ཞེས་སོ། །དེ་ནི་སྣོད་ལྟར་ཕྱི་ལ་སྦྱར་བ་ཡིན་ཞིང་། སྣོད་ཟིལ་གྱིས་གནོན་པའོ། །
|
| Domain
|
ཆོས་ལུགས།
|
ལྟས་ཆེན་པོ་བཅོ་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
རུདྲ་འདུལ་བར་དཔལ་ཆེན་ཡབ་ཡུམ་གྱིས་ཆོ་འཕྲུལ་སྤྲོས་པའི་ལྟས་ཆེན་པོ་བཅོ་ལྔ་དེར་ནང་བཅུད་ལྟར་སྦྱར་བའི་ལྟས་བཅོ་ལྔ་སྟེ། གཡོ་བ་གསུམ་འགྲོ་བའི་སེམས་གསུམ་མོ། །འུར་བ་གསུམ་སྒོ་གསུམ་མོ། །ཆེམ་པ་གསུམ་གཟུང་བ་དང་འཛིན་པ་དང་གཉིས་བཅས། ཤིག་པ་གསུམ་དུག་གསུམ་མོ། །འཐོར་བ་གསུམ་སྤང་གཉེན་འཛིན་པ་དང་བཅས་པ་སྟེ་བཅོ་ལྔ་དག་པར་བྱས་པའོ། །
|
ལྟས་ཆེན་པོ་བཅོ་ལྔ་ (3)
| Part of speech
|
མིང་ཚིག
|
| Definition
|
རུདྲ་འདུལ་བར་དཔལ་ཆེན་ཡབ་ཡུམ་གྱིས་ཆོ་འཕྲུལ་སྤྲོས་པའི་ལྟས་ཆེན་པོ་བཅོ་ལྔ་དེར་ཡེ་ཤེས་གསང་བ་ལྟར་སྦྱར་བའི་ལྟས་བཅོ་ལྔ་སྟེ། རང་སྣང་འོད་ལྔའི་སྣང་བ་གཡོས་པ་གསུམ་མོ། །ཡེ་ཤེས་ཀྱི་གཞལ་ཡས་ཁང་ཕྱོགས་བཅུར་གསལ་བ་ནི་འུར་བ་གསུམ་མོ། །བརྟེན་པ་ལྷའི་དཀྱིལ་འཁོར་ནི་ཆེམ་པ་གསུམ་མོ། །སྣང་བ་མི་འདྲ་བའི་བཀོད་པ་དུ་མར་སྣང་བ་ནི་ཤིག་པ་གསུམ་མོ། །དཀྱིལ་འཁོར་གྱི་འཕྲོ་འདུ་དང་རོལ་པ་ནི་འཐོར་པ་གསུམ་མོ། །
|
ལྟས་ཆེན་པོ་བཅོ་ལྔ་ (4)
| Part of speech
|
མིང་ཚིག
|
| Definition
|
རུདྲ་འདུལ་བར་དཔལ་ཆེན་ཡབ་ཡུམ་གྱིས་ཆོ་འཕྲུལ་སྤྲོས་པའི་ལྟས་ཆེན་པོ་བཅོ་ལྔ་དེར་ཡང་གསང་བླ་མེད་ལྟར་སྦྱར་བའི་ལྟས་བཅོ་ལྔ་སྟེ། སྣང་ཡུལ་བཟང་ངན་བར་མ་གསུམ་ནི་གཡོས་པ་གསུམ་མོ། །ཤེས་པ་དགག་སྒྲུབ་བར་མ་གསུམ་ནི་འུར་བ་གསུམ་མོ། །དེ་ཉིད་རང་གྲོལ་ཀུན་ཏུ་བཟང་པོ་ཐབས་ཤེས་ཟུང་འབྲེལ་གསུམ་དུ་ཤར་བས་ཆེམ་པ་གསུམ་མོ། །དེའི་ཚེ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་བདེ་གསལ་མི་རྟོག་པ་གསུམ་དུ་ཤར་བ་ནི་ཤིག་པ་གསུམ་མོ། །རང་བཞིན་རྟོགས་པས་སྤང་གཉེན་འཛིན་པ་གསུམ་ཞིག་པ་ནི་འཐོར་བ་གསུམ་སྟེ། འཁོར་བ་ཆོས་ཉིད་དུ་གྲོལ་བའི་ལྟས་ཆེན་པོ་བཅོ་ལྔའོ། །ཞེས་གསུངས།
|